ལྷོ་ཁ་གྲོང་ཁྱེར་གྱིས་ཆུ་དཔོན་ལམ་ལུགས་ལ་བརྟེན་ནས་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“གཙང་པོ་རེར་ཆུ་དཔོན་རེ་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། ཆུ(མཚོ)དཔོན་ལམ་ལུཌ་ལ་བརྟེན་ནས་གཙང་པོ་སྲུང་སྐྱོང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྔོ་ཞིང་དྭངས་པའི་ཡིད་འོང་ལྷོ་ཁ་འཛུགས་སྐྲུན་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་ཆུ(མཚོ)དཔོན་ལམ་ལུགས་ཀྱི་ལས་ཀའི་སྤྱིའི་འཕེལ་རིམ་བདེ་བླག་བྱུང་ཞིང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་ཆུ་དཔོན་40དང་། རྫོང་རིམ་པའི་ཆུ་དཔོན་251 ཤང་རིམ་པའི་ཆུ་དཔོན་529 གྲོང་ཚོ་རིམ་པའི་ཆུ་དཔོན་989བཀོད་སྒྲིག་བྱས་ཡོད། 2019ལོར་གྲོང་ཁྱེར་རིམ་པའི་ཆུ་དཔོན་གྱིས་ཆུར་སྐོར་ཞིབ་བྱེད་པར་མི་ཐེངས་51བཏང་བ་དང་། རྫོང་དང་ཤང་རིམ་པའི་ཆུ་དཔོན་གྱིས་ཆུར་སྐོར་ཞིབ་བྱེད་པར་མི་ཐེངས་6043བཏང་ཡོད། 2018ལོའི་ཟླ་བདུན་པའི་ཚུན་དུ། ཆུ་བོའི“ཟང་ཟིང་བཞིའི”གནད་དོན་22གྲལ་བཤེར་བྱས་ནས་ཚང་མ་དག་ཐེར་བྱས་པ(དེའི་ནང་2019ལོར་4ཡོད་པ)དང་། མི་ཐེངས་14599དང་འཕྲུལ་འཁོར་345བཏང་བ། གཙང་འགྲམ་གྱི་སྐྲུན་དངོས་གད་སྙིགས་དང་འཚོ་བའི་གད་སྙིགས་ཏུན་890ལྷག་ཙམ་གཙང་སེལ་བཅས་བྱས་ནས་ཆུ་བོའི་འབབ་རྒྱུད་ཀྱི་ཁོར་ཡུག་འཕྲོད་བསྟེན་ལེགས་སུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།