ལྷ་ས་གྲོང་ཁྱེར་གྱིས་བརྗོད་དོན་སློབ་གསོ་དམ་འཛིན་བྱ་གཞིར་བྱས་ནས“གློད་སྡོམ་ཞབས་གསུམ”གྱི་དཀའ་གནད་སེལ་བ།

ལག་ཁྱེར་གཉེར་རིམ་མགྱོགས་སུ་གཏོང་བར་དམིགས་ཏེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་གཏིང་ཟབ་བྱས་པ།

ལྷ་ས་གྲོང་ཁྱེར་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ཤིང་། གནད་དོན་གྱི་ཕྱོགས་སྟོན་དང་དགོས་མཁོའི་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ལག་ཁྱེར་གཉེར་རིམ་མགྱོགས་སུ་གཏོང་བ་དང་། དོ་དམ་བྱེད་སྟངས་སྒྱུར་བཅོས་དང་ཞབས་ཞུ་རིམ་སྤོར་བྱེད་པའི“ཐབས་མང་མཉམ་སྤྱོད”བྱས་ནས“དྲ་སྦྲེལ+སྲིད་གཞུང་ཞབས་ཞུ”སོགས་ཀྱི་དམངས་ཕན་བྱ་ཐབས་ལ་སྐུལ་འདེད་བཏང་བ་བརྒྱུད། དོན་དག་སྒྲུབ་མཁན་མང་ཚོགས“སྒོ་གཅིག་ལས་འཛུལ་མི་དགོས་པ”དང“མང་ཤོས་ལའང་ཐེངས་་གཅིག་ལས་འགྲོ་མི་དགོས་པ” “དོན་དག་ཚང་མ་ཡག་པོར་སྒྲུབ་ཐུབ་པ”བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་ཚོར་སྔར་བས་མཐོ་རུ་བཏང་བ་རེད།

ལྷ་ས་གྲོང་ཁྱེར་གྱིས་མང་ཚོགས་ཀྱིས་དོན་དག་སྒྲུབ་སྐབས“ཐེངས་གཅིག་ལས་འགྲོ་མི་དགོས་པ”དང“ཐེངས་གཅིག་ཀྱང་འགྲོ་མི་དགོས་པའི”རྩ་དོན་མཐའ་འཁྱོངས་ཀྱིས་ཞིབ་མཆན་འགོད་པའི་དོན་ཚན་ཁུ་བསྡུ་དང་། གསལ་ཐོ་གནད་སྨིན་ངང་འགོད་པ། རེ་ཞུའི་དཔྱད་གཞི་ཚད་ལྡན་བཟོ་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཁེ་ལས་དང་མང་ཚོགས་ཚོས་དོན་དག་སྒྲུབ་སྐབས་བརྒྱུད་རིམ་རྙོག་འཛིང་ཆེ་བ་དང་། ཕར་རྒྱུག་ཚུར་རྒྱུག་མང་བ། དཔྱད་གཞི་ཡང་ཡང་སྐྱེལ་དགོས་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ལ། “ལས་ཁུངས་ཁུ་བསྡུ”བྱས་ནས་ལག་ཁྱེར་ཉུང་དུ་བཏང་བ་བརྒྱུད། 2019ལོར་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་སྲིད་འཛིན་དབང་ཆའི་དོན་ཚན་183ཁུ་བསྡུ་ལེགས་སྒྲིག་བྱས་པའི་ཁྲོད་དོན་དག་47མེད་པར་བཟོས་པའམ་ལག་བསྟར་བྱེད་མི་ཆོག་པ་ཁ་གསལ་བཏོན་པ་དང་། དོན་ཚན་105གཤམ་སྤྲོད་བྱས་པ། དོན་ཚན་20ཟླ་སྒྲིལ་བཏང་ནས་དོན་ཚན་10རུ་བཟོས་པ། དོན་ཚན་2གསལ་ཐོའི་དོ་དམ་ནང་བཅུག་མེད་པ། སྲིད་འཛིན་ཆོག་འཐུས་འགོད་པའི་དོན་ཚན་2018ལོ་ལས་15%ཉུང་དུ་བཏང་ཡོད། སྤྱི་པའི་ཞབས་ཞུའི་དོན་དག་གི་གསལ་ཐོ་246བཟོས་པ་དང་། མཚམས་སྦྱོར་ཞབས་ཞུའི་དོན་ཚན་གྱི་གསལ་ཐོ་58དང་མཚམས་སྦྱོར་ཞབས་ཞུའི་སྒྲིག་གཞི་88ཀྱི་ཆ་འཕྲིན་ལ་སྲིད་འཛིན་ཞིབ་མཆན་བཀོད་དེ་མཉམ་འབྲེལ་ཞིབ་མཆན་འགོད་པར་སྐུལ་འདེད་བཏང་ཞིང་མཚམས་སྦྱོར་ཁྲོམ་ར་ཚད་ལྡན་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

དོ་དམ་སྒྱུར་བཅོས་ལ་དམིགས་ཏེ་གསར་གཏོད་དོ་དམ་ཟབ་ཏུ་བཏང་བ།

ལྷ་ས་གྲོང་ཁྱེར་གྱིས་དམངས་དང་ཁེ་ལས་ལ་སྟབས་བདེ་བསྐྲུན་པར་གཞི་ཚུགས་ནས“རིམ་གསུམ”བསྡུ་སྒྲིལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ“སྒོ་གཅིག་ལས་འཛུལ་མི་དགོས་པར”བྱས་ཤིང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་བསྡུ་སྒྲིལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་ཆུ་ཚོད་24ཡི་རང་འགུལ་ཞབས་ཞུའི་ཁུལ་1བཀོད་སྒྲིག་དང་། མི་སྒེར་དང་ཁྲིམས་མིའི་ཕྱོཌ་བསྡུས་སྐར་ཁུང་ཆེ་གྲས་2བཀོད་སྒྲིག ཚོང་འགུགས་མ་འདྲེན་དང་། མཚམས་སྦྱོར་སྒོ་རྩིས་ཚོང་ཁང་། དམངས་ཕན་ཞབས་ཞུ་བཅས་ཀྱི་ཁྱད་ལྡན་ཞབས་ཞུའི་སྐར་ཁུང་3བཀོད་སྒྲིག གཏན་འཇགས་རྒྱུ་ནོར་དང་སྤྱི་གསོག་མ་དངུལ་སོགས་ཆེད་ལས་ཀྱི་ཕྱོགས་བསྡུས་སྐར་ཁུང་ཆུང་གྲས་7བཀོད་སྒྲིག་བཅས“1+2+3+7”གྱི་བསམ་ཕྱོགས་གཞིར་བཟུང་ཁེ་ལས་དང་མང་ཚོགས་ལ“གཅིག་འཐུས་རྣམ་པ”དང“ཁྱོན་ཡོངས་ལ་ཁྱབ་པའི”སྲིད་དོན་ཞབས་ཞུ་མཁོ་འདོན་བྱས་ཡོད།

ཞབས་ཞུའི་རིམ་སྤོར་ལ་དམིགས་ནས་ནུས་ཆེའི་ཞབས་འདེགས་ལེགས་པོ་ཞུས་པ།

ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཞབས་འདེགས་ཞུ་སྟངས་ལེགས་སུ་གཏོང་བ། ཞབས་ཞུའི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་མཐའ་འཁྱོངས་བྱ་རྒྱུ་ནས་འགོ་བཙུགས་ཏེ“སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་། རིག་ནུས་ཅན། དམངས་ཕན་ཅན”བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མང་ཚོཌ་ལ་དེ་བས་སྟབས་བདེ་དང་། སྤུས་ལེཌ། ནུས་ཆེ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད།

ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས“སྟབས་བདེའི་སྤྱི་ཚོགས་འགན་བཅོལ”བཏོད་ནས་ལྷ་ས་གྲོང་ཁྱེར་གྱི“དྲ་ཐོག་སྤྱི་ཚོགས་འགན་བཅོལ”དང“ལག་ཐོགས་སྤྱི་ཚོགས་འགན་བཅོལ”གྱི་སྤྱི་དམངས་ཀྱི་ཞབས་ཞུའི་ལས་སྟེགས་བཙུགས་ཏེ་འགན་བཅོལ་ནང་ཞུགས་མཁན་ཚོས་ས་གནས་ས་ཐོག་དང་ལས་གཉེར་སྟེགས་བུར་ཡོང་མི་དགོས་པར་མཐའ་སྣེ་མང་པོ་ནས་སྤྱི་ཚོགས་འགན་བཅོལ་གྱི་ཆ་འཕྲིན་དུས་ཐོག་ཏུ་འདྲི་རྩད་ཐུབ་པ་དང་། སྤྱི་ཚོགས་འགན་བཅོལ་གྱི་ཁྲིམས་སྲོལ་སྲིད་ཇུས་དང་། བརྡ་ཐོ་དང་སྤྱི་བསྒྲགས། ཞབས་ཞུའི་འགག་གནད་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་གྱི“ལག་ཐོགས་སྤྱི་ཚོགས་འགན་བཅོལ”ལ་ཐོ་འགོད་བྱེད་མཁན་མི་ཁྲི་2.4ལྷག་ཙམ་ཟིན་པ་དང་ཆ་སྙོམས་ཉིན་ལྟར་མི་ཐེངས་1500ལྷག་ཙམ་ཞུཌ་ཀྱི་ཡོད་པས“མང་ཚོགས་ཕར་རྒྱུག་ཚུར་རྒྱུག”བྱེད་པ་ནས“གྲངས་གཞིའི་འཁོར་སྐྱོད”ལ་བརྟེན་པར་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།