ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཉིང་ཁྲིས་གསར་དུ་ཐོ་འགོད་བྱས་པའི་མ་རྩ་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱིས་སྲིད་འཛིན་ཞིབ་མཆན་ལམ་ལུགས་ལེགས་སུ་གཏོང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་པ་རེད། ཟླ་དང་པོ་ནས་བཅུ་གཅིག་པའི་བར་གྲོང་ཁྱེར་དེ་ཡོངས་སུ་ཁྲོམ་རའི་བྱེད་པོ4793གསར་དུ་བཙུགས་པར་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར101.27ཟིན་པ་དེ་དུས་མཚུངས་ལས13.47%དང37.38%འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། དེའི་ནང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་ཁྲོམ་རའི་བྱེད་པོས་བསྡུར་ཚད98.50%བཟུང་ནས་མི་ཐེངས14871ལས་ཞུགས་ལས་གཏོད་བྱ་རྒྱུར་སྐུལ་ཁྲིད་བྱས་པ་རེད།

“མིང་རང་ཚུགས་ཀྱིས་རེ་ཞུ་བྱེད་པ”དང་། “ལག་ཁྱེར་མང་པོ་གཅིག་སྒྲིལ” “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ” “ལས་རིམ་ཧྲིལ་པོས་གློག་རྡུལ་ཅན་ཐོ་འགོད”སོགས་དམངས་ཕན་དང་དམངས་ལ་སྟབས་བདེ་བསྐྲུན་པའི་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་ཕྱོགས་ཡོངས་ནས་བཏོན་པས་ཁེ་ལས་དང་ལས་སྒྲུབ་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་མང་ཚོགས་ཀྱི་མ་འཇོག་ལས་གཏོད་ཀྱི་སྤྲོ་སེམས་དང་ཡིད་ཆེས་ནུས་ལྡན་ངང་འཕེལ་བ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། གྲོང་ཁྱེར་དེ་ཡོངས་ཀྱི་རིགས་ཁག་གི་ཁྲོམ་རའི་བྱེད་པོའི་སྤུས་ཚད་དང་འབོར་ཚད་འཕར་བའི་འཕེལ་ཕྱོགས་ཤུགས་ཆེ་བ་བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།