བོད་ལྗོངས་ཀྱིས་སློབ་ལོ་ལོན་པའི་བྱིས་པ་ལོ་ཆུང་སློབ་ཤོར་དང་སློབ་མཚམས་ཆད་པའི་གནས་ཚུལ་སྤྱིར་ན་བསལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སློབ་ཤོར་དང་སློབ་མཚམས་ཆད་པའི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་བྱ་ཆེད། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་སློབ་མཚམས་ཆད་རྒྱུ་ཚོད་འཛིན་དང་སློབ་གྲྭར་ཞུགས་ཚད་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཏེ། སློབ་ཤོར་དང་སློབ་མཚམས་ཆད་པའི་གནས་ཚུལ་གྲལ་བཤེར་ནན་ཏན་བྱས་པ་དང་སློབ་མཚམས་ཆད་རྒྱུ་ཚོད་འཛིན་དང་སློབ་གྲྭར་ཞུགས་ཚད་འགན་ལེན་གྱི་འགན་འཁྲིའི་ཡི་གེ་མིང་རྟགས་བཀོད་ནས“ཕྲུ་གུ་གཅིག་ཀྱང་སློབ་ཤོར་དང་སློབ་མཚམས་ཆད་པའི་གནས་ཚུལ་མི་ཐོན་པ”དངོས་འབྲེལ་བྱས་ཡོད། མིག་སྔར་རང་ལྗོངས་ཀྱིས་ཧྲིལ་ལོ0ནས15བར་གྱི་སློབ་ལོ་ལོན་པའི་བྱིས་པ་ལོ་ཆུང་གི་གྲངས་གཞིའི་མཛོད་བཙུགས་ཡོད་པ་ལས་སློབ་ལོ་ལོན་པའི་བྱིས་པ་ལོ་ཆུང་སློབ་ཤོར་དང་སློབ་མཚམས་ཆད་པའི་གནས་ཚུལ་སྤྱིར་ན་བསལ་ཡོད།

གྲངས་གཞི་ལས་མངོན་གསལ། 2019ལོའི་ཟླ་བདུན་པའི་ཟླ་མཇུག་བར། ལྗོངས་ཡོངས་ནས་ཧྲིལ་ལོ0ནས15བར་གྱི་སློབ་ཤོར་དང་སློབ་མཚམས་ཆད་པའི་བྱིས་པ་ལོ་ཆུང་ཁྱོན12062གྲལ་བཤེར་ཐུབ་ཡོད། དེར་བརྟེན་རང་སྐྱོང་ལྗོངས་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གྱིས《སློབ་མཚམས་ཆད་རྒྱུ་ཚོད་འཛིན་དང་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་། གྲོང་ཁྱེར(ས་ཁུལ)ཁག་དབར་སློབ་མཚམས་ཆད་རྒྱུ་ཚོད་འཛིན་དང་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་ཡོད།

མིག་སྔར། ལྗོངས་ཡོངས་ཀྱི་སློབ་ཤོར་དང་སློབ་མཚམས་ཆད་པའི་སློབ་ལོ་ལོན་པའི་བྱིས་པ་ལོ་ཆུང12062ཚང་མར་ཁ་ཏ་བསླབ་བྱ་བྱས་ནས་སློབ་གྲྭར་ལོག་ཡོད།

གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། བོད་ལྗོངས་ཀྱི་སློབ་གྲྭ་ཁག་གིས་ལོ6ནས9བར་གྱི་སློབ་ལོ་ལོན་པའི་བྱིས་པ་ལོ་ཆུང་སློབ་གྲྭར་ཞུགས་མེད་མཁན་སློབ་ཆུང་ལོ་རིམ་དང་པོར་ཞུགས་རྒྱུའི་གཅིག་གྱུར་བཀོད་སྒྲིག་བྱས་ནས་སློབ་གྲྭའི་སྐྱིད་སྡུག་ནང་བཅུག་པ་དང་། ལོ10ནས12བར་གྱི་སློབ་ལོ་ལོན་པའི་བྱིས་པ་ལོ་ཆུང་སློབ་གྲྭར་ཞུགས་མེད་མཁན་སློབ་ཆུང་གི་ལོ་རིམ་མཐོ་བར་ཞུགས་རྒྱུའི་གཅིག་གྱུར་བཀོད་སྒྲིག་བྱས་ནས་དེ་མཚུངས་ཀྱི་ལོ་རིམ་གྱི་སློབ་གྲྭའི་སྐྱིད་སྡུག་ནང་བཅུག་པ་དང་འབྲེལ་འཛིན་གྲྭ་ལོགས་སུ་བཞག་པ། ལོ་13ནས་15བར་གྱི་སློབ་ལོ་ལོན་པའི་བྱིས་པ་ལོ་ཆུང་སློབ་གྲྭར་ཞུགས་མེད་མཁན་དམའ་རིམ་སློབ་འབྲིང་ངམ་ཡང་ན་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སྐྱིད་སྡུག་ནང་བཅུག་ནས་གཅིག་སྡུད་ཐོག་ལས་རིགས་སློབ་གསོའི་འཛིན་གྲྭ་བཙུགས་པ་རེད། རྫོང་ཁག་གི་སློབ་གསོ་ཅུས་ཀྱིས་འཕྲོད་བསྟེན་བདེ་ཐང་སྡེ་ཚན་དང་། དམངས་སྲིད་སྡེ་ཚན། དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས། སློབ་གྲྭ་འབྲིང་ཆུང་བཅས་དང་མཉམ་དུ་དབང་པོ་སྐྱོན་ཅན་གྱི་སློབ་གསོའི་དཔྱད་དཔོག་གཏན་འཁེལ་ལས་དོན་ཚོགས་ཆུང་བཙུགས་ནས། འཛིན་གྲྭ་དང་མཉམ་དུ་སློབ་སྦྱོང་བྱེད་རྒྱུའི་ཆ་རྐྱེན་མི་འདང་བའི་སློབ་ལོ་ལོན་པའི་དབང་སྐྱོན་བྱིས་པ་ལོ་ཆུང་ཐོ་འགོད་དཔྱད་དཔོག་བྱས་ཏེ། ཁག་གཅིག་དམིགས་བསལ་སློབ་གསོའི་སློབ་གྲྭར་བཏང་བ་དང་། དབང་པོར་སྐྱོན་ཚབས་ཆེན་ཡིན་རིགས་ཉེ་འགྲམ་གྱི་སློབ་གྲྭའི་ནང་བཀོད་སྒྲིག་བྱས་ཏེ་དགེ་རྒན་གྱི་ནང་དུ་སློབ་ཁྲིད་བྱེད་པར་འགྲོ་བ་བཅས་བྱས་ཏེ་དབང་སྐྱོན་བྱིས་པ་ལོ་ཆུང་ཚང་མར་འོས་འགན་སློབ་གསོ་ཁྱབ་གདལ་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།