གཞིས་རྩེ་གྲོང་ཁྱེར་གྱིས“རྩ་ཁྲིམས་དགོན་སྡེར་ཁྱབ་གདལ་གཏོང་པའི”བཅའ་ཁྲིམས་ཤེས་བྱའི་འཆད་ཁྲིད་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཁྲིམས་འཛིན་པུའུ། རྒྱལ་ཡོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་སྒྲུབ་ཁང་། རང་སྐྱོང་ལྗོངས2019ལོའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོའི་བཀོད་འདོམས་ལྟར། དགོན་སྡེའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱ་ཆེའི་ཆོས་ལུགས་ལས་དོན་མི་སྣའི་རྩ་ཁྲིམས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཇེ་མཐོར་གཏོང་བ། དགོན་སྡེའི་གྲྭ་བཙུན་གྱི་ཁྲིམས་སྐྱོང་འདུ་ཤེས་ཏན་ཏིག་སྒོས་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ(བཅའ་ཁྲིམས་ཁྱབ་གདལ་གཞུང་སྒྲུབ་ཁང)ཡིས་གྲོང་ཁྱེར་ཆོས་ལུགས་ཅུའུ་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་གྱི་ཚོགས་ཁང་དུ“རྩ་ཁྲིམས་དགོན་སྡེར་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཤེས་བྱའི་འཆད་ཁྲིད་སྤེལ་བ་རེད། 

གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ལས་དོན་མི་སྣས་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་དང་ཁྲིམས་སྐྱོང་སློབ་གསོ་ཟུང་འབྲེལ་བྱས་ཏེ།  “ཁྲིམས་ལྟར་དགོན་པ་སྐྱོང་བ་དང་། སྡོམ་ཁྲིམས་ལ་བརྟེན་ནས་དགེ་འདུན་པར་དོ་དམ་བྱེད་པ། གྲྭ་བཙུན་གྱིས་ཁྲིམས་སྲུང་བསླབ་འདོམས་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནས་གྱོད་དཔེ་དང་ཟུང་འབྲེལ་གྱིས་འགྲེལ་བཤད་དང་། གྱོད་དཔེ་ཁྲིམས་འགྲེལ། ཡུལ་དངོས་སུ་བློ་འདྲི་སོགས་ཀྱི་རྣམ་པའི་ཐོག་ནས་སྤེལ་བ་རེད། གོ་བདེ་ཤེས་སླའི་ཐོག་ནས་རྩ་ཁྲིམས་དང་། ཏང་གི་ཆོས་ལུགས་སྲིད་ཇུས། ཆོས་ལུགས་ལས་དོན་སྲོལ་ཡིག བོད་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཞིབ་ཚགས་བྱས་པ་རེད། 

གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་འགན་འཁུར་པས་ཐེངས་འདིའི“རྩ་ཁྲིམས་དགོན་སྡེར་ཁྱབ་གདལ་གཏོང་པའི”བྱེད་སྒོ་སྤེལ་བ་བརྒྱུད་ཆོས་ལུགས་ལས་དོན་མི་སྣའི་རྩ་ཁྲིམས་དང་བཅའ་ཁྲིམས་ཤེས་བྱའི་བྱང་ཚད་སྔར་བའི་མཐོ་རུ་ཕྱིན་པ་དང་ཆོས་ལུགས་ལས་དོན་མི་སྣས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཀྱི་བསམ་བློའི་ངོས་འཛིན་སྔར་བས་ཇེ་ཟབ་ཏུ་བཏང་སྟེ་ནུས་ལྡན་སྒོས་དགོན་སྡེའི་དགེ་འདུན་པ་ཚོའི“བྱ་བ་འཕྲད་སྐབས་བཅའ་ཁྲིམས་ལ་བསམ་བློ་གཏོང་བ་དང་། བྱ་བ་སྒྲུབ་སྐབས་ཁྲིམས་ལྟར་སྒྲུབ་པ། གཏམ་བཤད་ན་ཁྲིམས་དང་མཐུན་པ། བྱ་བ་སྒྲུབ་ཚེ་ངེས་པར་དུ་ཁྲིམས་སྲུང་བ་”བཅས་ཀྱི་བསམ་བློའི་འདུ་ཤེས་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།