དགུན་དུས་དྲོད་ཁང་ཆེ་མོ་སྔར་བཞིན་སྔོ་ཐིང་ངེར་གནས་པ།

d51e8b79-6685-42ec-a2f7-6d1f7b872c30.jpg.1.jpg

འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་སྐྱེ་ལྡན་ཐོན་ལས་གླིང་གི་ལས་དོན་པས་ཤིས་ཀྭ་སྐྱེ་ཚུལ་ལ་ལྟ་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན། བོད་ལྗོངས་པ་སྣམ་རྫོང་གིས་ཤིང་འབྲས་དང་སྔོ་ཚལ་གྱི་ལྟེ་བའི་ཁུལ་གྱི་དྲོད་ཁང་ཆེ་མོའི་འདེབས་འཛུགས་ཀྱི་ཕན་འབྲས་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ནས། ཤིང་འབྲས་དང་སྔོ་ཚལ་གྱི་འདེབས་འཛུགས་སྣ་ཁ200བར་མང་དུ་བཏང་བ་དང་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི1.44ཟིན་ནས། སྔོན་རྩིས་ལྟར་ན་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4ཟིན་པ་དང་ས་གནས་དེ་གའི་ཞིང་དུད3000ལྷག་ཙམ་ཐད་ཀར་ཞུགས་ནས་ལོར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི3ཡན་ཡོང་རྒྱུའི་སྐུལ་ཁྲིད་བྱས།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།