བོད་ལྗོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་ཏན་ཏིག་ངང་སྤེལ་བ།

W020191209384094691789.jpg

འདི་ནི་བདེ་འགོད་ས་ཚིགས་ཀྱི་གྲོང་མིས་ཁྱིམ་དུ་བརྙན་འཕྲིན་ལ་བལྟ་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ཟླ1པོ་ནས9པའི་བར་གྱི་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གཏན་འཇགས་བདེ་ཐང་ངང་འཕེལ་རྒྱས་སོང་བའི་གཞི་གྲངས་ཁྱབ་བསྒྲགས་བྱས་པ་རེད། དེའི་ཁྲོད་ཞིང་སྡེའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར8059སླེབས་པ་དང་དུས་མཉམ་ལས12.9%འཕར་སྣོན་བྱུང་ཡོད་ཅིང་། འཕར་ཚད་ལོ་གོང་མ་དང་བསྡུར་ན་བརྒྱ་ཆའི་ཚེག0.4ཇེ་མཐོར་སོང་ཡོད་པས་མུ་མཐུད་དུ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་བོད་ལྗོངས་ཀྱིས་གནད་འཕིགས་དབུལ་སྐྱོར་གྱི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། རིམ་པ་ཁག་གི་སྡེ་ཁག་སོ་སོས་མུ་མཐུད་དུ་ཤིན་ཏུ་དབུལ་ཕོངས་ཆེ་བའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ལག་བསྟར་ཇུས་གཞི(2018ལོ་ནས2020ལོའི་བར)དང་ཤིན་ཏུ་དབུལ་ཕོངས་ཆེ་བའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་འཆར་གཞི་ཤུགས་ཆེན་སྒོས་ལག་བསྟར་དོན་འཁྱོལ་བྱས། 

དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་འགོ་བརྩམས་པ་ནས་བཟུང་། བོད་ལྗོངས་ཀྱིས་གཙོ་བོར་འདེབས་འཛུགས་ལས་རིགས་དང་། གསོ་སྤེལ་ལས་རིགས། ལས་སྣོན་ལས་རིགས། ཚོང་དོན་འགྲོ་རྒྱུག་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས། ཐོན་ཁུངས་གསར་འབྱེད་བེད་སྤྱོད་སོགས་ཐོན་ལས་ཆེན་པོ་དྲུག་ལ་དམིགས་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་དབུལ་སྐྱོར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་། ཟླ9པའི་མཇུག་བར། བོད་རང་སྐྱོང་ལྗོངས་ཀྱིས་ལག་བསྟར་བྱས་པའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་བསྡོམས་པས2591ཡོད་པ་དང་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར354ལ་སླེབས་པ་རེད། ཐོན་ལས་དབུལ་སྐྱོར་གྱིས་ཡིག་ཚགས་དང་གྰ་བཟོས་པའི་དབུལ་ཕོངས་ཞིང་འབྲོག་མང་ཚོགས་ཁྲི23.61སྣེ་ཁྲིད་བྱས་པ་བརྒྱུད་དུས་ལྟར་དབུལ་ཐར་མངོན་འགྱུར་བྱུང་བ་དང་། “ལོ་ལྔའི་ཚན་བཅུ་གསུམ་པའི”རིང་ཐོན་ལས་དབུལ་ཐར་ལས་འགན་མི་ཁྲི23.8ཡི99.2%ཟིན་ཡོད་ཅིང་། ཞིང་འབྲོག་མང་ཚོགས་ཁྲི40ཙམ་ལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱས་པ་རེད། 

ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིན་གྱིས་རང་ལུས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་དང་ཆེད་ལས་ཞིང་འབྲོག་པའི་གསོ་སྐྱོང་ལས་དོན་སྤེལ་ཏེ་བྱེད་ཐབས་སྣ་མང་སྤྱད་དེ་ནུས་ཤུགས་ཡོད་དགུའི་ལས་ཞུགས་ལས་དོན་ལ་སྐུལ་འདེད་བཏང་། གཙོ་བོ་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། དངོས་སྤྱོད་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་པ། གསོ་སྦྱོང་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ལས་རིགས་རྩལ་ནུས་གསོ་སྦྱོང་སྤེལ།

ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ1པོ་ནས9པའི་བར། བོད་ལྗོངས་ཀྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་མི་ཁྲི54.6དང་མི་ཐེངས་ཁྲི103.1སླེབས་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར32.5མངོན་འགྱུར་བྱུང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་རྩ་འཛུགས་ཅན་དང་གཞི་ཁྱོན་ཅན་གྱི་ལས་ཞུགས་གཞན་སྒྱུར་ཐད་ཚད་བརྒལ་གལ་ཆེན་བྱུང་ཡོད། ཞིང་འབྲོག་པའི་གསོ་སྦྱོང་གི་ཁ་གསབ་མ་དངུལ་ཐད་བོད་ལྗོངས་ཀྱིས་ད་ལོ་བཀོད་སྒྲིག་བྱས་པའི་ཞིང་འབྲོག་པའི་གསོ་སྦྱོང་གི་ཁ་གསབ་མ་དངུལ་སྒོར་ཁྲི9000ཚང་མ་གཤམ་སྤྲོད་བྱས་ཤིང་། དེའི་ནང་སྒོར་ཁྲི7000དབུལ་ཐར་མཁྲེགས་གཏོར་ལས་དོན་ཐད་སྤྱད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།