ལྷོ་ཁ་གྲོང་ཁྱེར་གྱི་རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་དུད་སྣེ་དང་པོ་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་ལས་སྟེགས་དང་དེ་བཞིན་བཀོལ་སྤྱོད་བསྒྲིགས་རིམ་སྟེ། སྣེ་གདོང་ཆུས་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི“བོད་མིའི་འབྱུང་ཁུངས་ཀྱི་ཡོངས་བསྒྲགས”APPདངོས་སུ་སྤྱོད་འགོ་ཚུགས་པ་རེད། བཀོལ་སྤྱོད་བསྒྲིགས་རིམ་དེའི་དམིགས་ཡུལ་གཙོ་བོ་ནི་སྒུལ་བདེ་ཅན་དང་། སྤྱི་ཚོགས་ཀྱི་འབྲེལ་བ་ཅན། མཐོང་ཚོར་ཅན་བཅས་ཀྱི་སྨྱན་སྦྱོར་གསར་པའི་རྣམ་པའི་ཐོག་ནས་ས་གནས་དེ་གའི་ཆ་འཕྲིན་གསར་ཤོས་བརྒྱུད་སྤྲོད་བྱས་ཏེ། གཙོ་རྒྱུན་གླེང་ཕྱོགས་ཀྱི་གཡུལ་ས་དང་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་གཅིག་ཏུ་འདུས་པའི་ལག་ཐོགས་ཀྱི་དམངས་ཕན་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་དེ་རེད།

“བོད་མིའི་འབྱུང་ཁུངས་ཀྱི་ཡོངས་བསྒྲགས”APPལ་ད་ཆ“གསར་འགྱུར་ཆ་འཕྲིན”དང་། “གྲོང་མིའི་སྤྲིན་ཚོགས” “ཀུན་སྤྱོད་སློབ་ཁང” “སྤྲིན་ཚོགས་ཐད་གཏོང”སོགས་ཀྱི་ལེ་ཚན་ཡོད་པ་དང་། དེའི་ནང་པར་རིས་དང་། ཐད་གཏོང་། བརྙན་ཐུང་སོགས་ཀྱི་རྣམ་པ་སྣ་ཚོགས་ཡོད་པས་སྣེ་གདོང་ཆུས་ཀྱི་འཕེལ་ཕྱོགས་གསར་ཤོས་མངོན་ཐུབ་ལ། ལྷོ་ཁ་གྲོང་ཁྱེར་གྱི་བྱེད་སྒོ་གལ་ཆེན་ཁག་ཀྱང་ཐད་གཏོང་བྱེད་ཀྱི་ཡོད་པ་རེད།

སྣེ་གདོང་གི་སྨྱན་སྦྱོར་མཉམ་འདྲེས་ཀྱི་དུད་སྣེ་ཚོད་སྤྱོད་བྱེད་རིང་། སྤྲིན་ཚོགས་ལག་རྩལ་སྤྱད་དེ་ཡུལ་དངོས་ནས་2019ལོའི་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་གཙང་པོའི་ལུང་གཞུང་སྐོར་བའི་ལམ་ཕྱེད་མར་སོན་རྒྱང་རྒྱུག་འགྲན་བསྡུར་དང་སྣེ་གདོང་ཆུས་ཀུན་སྤྱོད་སློབ་ཁང་སོགས་བྱེད་སྒོ་6ཐད་གཏོད་བྱས་པར་ལྟ་མཁན་དང་དེ་བཞིན་དེར་ཞུགས་མཁན་མི་3000ལས་བརྒལ་ནས་དྲ་ཐོག་དང་དྲ་ཕྱིའི་མཉམ་འགུལ་ཡག་པོ་བྱུང་ཡོད་ལ་སྤྱི་ཚོགས་ལས་རིགས་ཀྱི་གདེང་འཇོག་ཀྱང་ཡག་པོ་ཐོབ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།