ཉིང་ཁྲི་གྲོང་ཁྱེར་གྱིས་ལས་གཏོད་ཁག་ཐེག་དངུལ་བུན་ཐོག་མ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མི་དམངས་དངུལ་ཁང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཡན་ལག་དངུལ་ཁང་གི་མཛུབ་ཁྲིད་འོག བོད་ལྗོངས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས《ལས་ཞུགས་ལས་གཏོད་ལག་ཁྱེར》ཡོད་པའི་ལས་གཏོད་སློབ་ཆེན་སློབ་མ་བཀྲ་ཤིས་ཚེ་རིང་ལ་ཉིང་ཁྲི་གྲོང་ཁྱེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་ཐོག་མ་སྟེ་སྒོར་ཁྲི10བཏང་ནས་དངུལ་རྩས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཐབས་ལམ་གསར་པ་ཞིག་བཏོད་ཡོད།

མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་ཐོན་ལས་གསོ་སྐྱོང་ཁུལ་དང་ལས་གཏོད་རྟེན་གཞིར་བསྐྱོད་དེ། བོད་ལྗོངས་ཀྱི་སྐྱེད་ཀ་དམའ་བའི་ཡིད་རྟོན་དངུལ་བུན་སྲིད་ཇུས་དང་དངུལ་རྩས“གཉིས་གཏོད”ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། “གཉིས་གཏོད”དངུལ་རྩའི་ཞབས་ཞུའི་དགོས་མཁོ་ཤེས་རྟོགས་བྱས་པ། ལས་གཏོད་བྱེད་པོར་ཁྲིད་སྟོན་གྱིས་མ་དངུལ་མེད་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།