བོད་ལྗོངས་སྐྱིད་གྲོང་རྒྱལ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་རྩ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

138607393_15755224218031n.jpg

ཟླ12པའི་ཚེས4ཉིན། བོད་ལྗོངས་སྐྱིད་གྲོང་རྒྱལ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས“རྩ་ཁྲིམས་དྲིལ་སྒྲོག་ཉིན་མོར་ང་ཚོས་བྱ་འགུལ་སྤེལ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། མི་དམངས་ཉེན་རྟོག་པས་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་དང་མཉམ་དུ་རྩ་ཁྲིམས་དྲིལ་བསྒྲགས་བྱས་པ་རེད། ཞིན་ཧྭ་དྲ་བས་སྤེལ། ཞའོ་ཧྥུ་ཀུའེ་ཡིས་པར་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས5ཉིན་གློག་འཕྲིན་འབྱོར་གསལ། ད་ལོའི་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་ནང་རྩ་ཁྲིམས་འདུ་ཤེས་དར་སྤེལ་བཏང་སྟེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ཞེས་པའི་བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ་ཏེ། ཀྲུང་གོ་དང་ནེ་པ་ལའི་རྒྱལ་མཚམས་སུ་གནས་པའི་སྐྱིད་གྲོང་ནས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཚེས4ཉིན་སྐྱིད་གྲོང་གྲོང་རྡལ་གྱི་ཁྲོམ་གཞུང་དང་སྐྱིད་གྲོང་འགག་སྒོའི་མཉམ་འབྲེལ་ཞིབ་བཤེར་བྱ་ཡུལ་དུ་བསྐྱོད་དེ། རྒྱ་ཆེའི་མང་ཚོགས་དང་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པར་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། རྩ་ཁྲིམས་གནས་བབ། ནུས་པ། ནང་དོན་གཙོ་བོ། དེ་བཞིན་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་བྱས་པ་རེད།

138607393_15755224218491n.jpg

ཟླ12པའི་ཚེས4ཉིན། བོད་ལྗོངས་སྐྱིད་གྲོང་རྒྱལ་མཚམས་ནས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས“རྩ་ཁྲིམས་དྲིལ་བསྒྲགས་ཉིན་མོར་ང་ཚོས་བྱ་འགུལ་སྤེལ་”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། མི་དམངས་ཉེན་རྟོག་པ་ལི་ཅོན་ཧུང་གིས་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པར་རྩ་ཁྲིམས་ཀྱི་རྒྱུན་ཤེས་འགྲེལ་བཤད་བརྒྱབ་པ་རེད། ཞིན་ཧྭ་དྲ་བས་སྤེལ། ཞའོ་ཧྥུ་ཀུའེ་ཡིས་པར་བླངས།

ཉེ་བའི་ལོ་ཤས་རིང་སྐྱིད་གྲོང་རྒྱལ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་རྩ་ཁྲིམས་དང་། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གསོ་སྦྱོང་སློབ་ཚན་ནང་བཅུག་ནས་རྒྱུན་གཏན་ལས་སྒྲུབ་ཁྲིམས་འཛིན་གྱི་ཁྲིམས་སྐྱོང་བསམ་གཞིག་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད། ཞིབ་བཤེར་ས་ཚིགས་ཀྱིས་སྔ་རྗེས་སུ་བཅའ་སྡོད་བྱ་ཡུལ་སྐྱིད་གྲོང་གྲོང་རྡལ་དུ་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཐེངས12བྱས་པ་དང་། མང་ཚོགས་དང་དེ་བཞིན་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པར་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ལག་དེབ800ལྷག་ཙམ་སྤྲད་ལ། བཅའ་ཁྲིམས་བློ་འདྲི་བྱེད་མཁན་མི་ཐེངས28ལ་སླེབས་ཡོད་འདུག །

138607393_15755224218811n.jpg

ཟླ12པའི་ཚེས4ཉིན། བོད་ལྗོངས་སྐྱིད་གྲོང་རྒྱལ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས“རྩ་ཁྲིམས་དྲིལ་བསྒྲགས་ཉིན་མོར་ང་ཚོས་བྱ་འགུལ་སྤེལ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། མི་དམངས་ཉེན་རྟོག་པ་བསྟན་འཛིན་དཔལ་སྐྱིད་ཀྱིས་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་མཚམས་འགྲོ་འོང་དོ་དམ་བཅའ་ཁྲིམས》ལ་འགྲེལ་བཤད་བརྒྱབ་པ་རེད། ཞིན་ཧྭ་དྲ་བས་སྤེལ། ཞའོ་ཧྥུ་ཀུའེ་ཡིས་པར་བླངས།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།