2019ལོར་ལྷ་ས་གྲོང་ཁྱེར་གྱི་ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ཚད96.3%རུ་སླེབས།

W020191205529212032880.jpg

འདི་ནི་ལྷ་ས་གྲོང་ཁྱེར་གྱི་2019ལོའི་ལས་ཞུགས་ལས་གཏོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས2ཉིན།བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས2019ལོའི་ལས་ཞུགས་ལས་གཏོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ངོ་སྤྲོད་བྱས་པ་ལྟར་ན། 2019ལོར(མིག་སྔའི་བར)ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི1.31ལྷག་གི་ལས་ཞུགས་གསར་སྣོན་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་མུ་མཐུད་དུ2.2%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ4647ཁྲོད་མི4475ཡིས་ལས་ཞུགས་ཐུབ་པ་དང་། ལས་ཞུགས་ཐུབ་ཚད96.3%ཟིན་ཡོད། ཞིང་འབྲོག་མང་ཚོགས་མི་ཁྲི7.47གྱིས་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། ཡོང་འབབ་སྒོར་དུང་ཕྱུར5.93མངོན་འགྱུར་བྱུང་བ་རེད།

ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོམ་རའི་ལས་ཞུགས་མི་གྲངས་ཀྱིས78%ཟིན་པ།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་འདུ་ཤེས་ལ་ཁྲིད་སྟོན་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཀྱི་སྐུལ་ལྕག་འཐུས་སྒོ་ཚང་དུ་གཏོང་བ།  ཞབས་ཞུའི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མཐོ་སློབ་སློབ་ཐོན་སློབ་མ་གཞུང་གི་ལས་གནས་སུ་ལས་ཞུགས་བྱེད་པ་ནས་ཁྲོམ་རའི་ལས་ཞུགས་དང་། རང་བརྟེན་ལས་གཏོད་བྱ་བར་སྐུལ་འདེད་བཏང་སྟེ། 2019ལོར་ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ཚད96.3%ཟིན་པའི་ནང་ཁྲོམ་རའི་ལས་ཞུགས་མི་གྲངས་ཀྱིས་ལས་ཞུགས་མི་འབོར་གྱི78%བཟུང་ཞིང་། དེ2018ལོ་ལས་བརྒྱ་ཆའི་གྲངས12འཕར་ཡོད་པ་རེད།

མིག་སྔར། བོད་རང་སྐྱོང་ལྗོངས་འདི་ཉིད་མཐོ་སློབ་སློབ་ཐོན་སློབ་མ་གཞུང་གི་ལས་གནས་ནས་ལས་ཞུགས་བྱེད་པ་ནས་ཁྲོམ་རར་ལས་ཞུགས་བྱེད་པའི་ཕྱོགས་སུ་བསྒྱུར་བའི་དུས་སྐབས་སུ་གནས་ཤིང་། ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་ལས་ཞུགས་ཀྱི་དུས་བབ་འོག ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཕྱི་ནང་གི་མཐོ་སློབ་ཀྱི་སྲིད་ཇུས་སྐོར་སྐྱོད་བྱེད་པའི་སྒྲོག་འགྲེལ་ཟམ་མི་ཆད་པར་སྤེལ་ཏེ་མཐོ་སློབ་སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་བར་ཧུར་ཐག་སྒོས་ཁྲིད་སྟོན་བྱས་པར་མ་ཟད། ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་ཏུ་སློབ་ཐོན་སློབ་མའི་ལས་གཏོད་མཐུན་ཚོགས་དང་མཐུན་ཚོགས་ཀྱི་ཏང་ཀྲི་པུའུ་བཙུགས་ནས“ཏང་འཛུགས་སྐྱོང་དང་མཐུན་ཚོགས་ཟུང་འབྲེལ”གྱི་རྣམ་པས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་པས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་ཡོང་བར་བློ་རིག་འདོན་སྤེལ་བྱས་ཡོད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག ལྷ་ས་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་སུ“ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྟེགས་བུ”བཙུགས་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱིས་གཞི་གྲངས་གཅིག་མཉམ་སྤྱོད་ཐུབ་པ་དང་ལས་ཞུགས་ལས་གཏོད་ཞབས་ཞུའི“དྲ་བ་གཅིག”མངོན་འགྱུར་བྱུང་བ་དང་། ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལྟེ་གནས་ཏེ་སྣེ་གསུམ་པའི་ཀུན་གཏོད་བར་མཐོངས་སྔོན་ལ་བཙུགས་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་སྤྱི་ཚོགས་ལས་གཏོད་ཀྱི་གཞོན་ནུར་སྲིད་ཇུས་ཀྱི་རོགས་སྐྱོར་དང་། རྣམ་གྲངས་རིགས་འདེད། ལས་གཏོད་གསོ་སྦྱོང་། ལས་གཏོད་དངོས་སྦྱོང་། ལས་གཉེར་མཛུབ་ཁྲིད་སོགས“གཅིག་འཐུས་རྣམ་པའི”ལས་གཏོད་ཞབས་ཞུ་མཁོ་འདོན་བྱས་ཤིང་། མིག་སྔའི་བར་ལས་གཏོད་ཁེ་ལས་དགུ་ལེགས་གྲུབ་བྱུང་བ་དང་། ཁེ་ལས45(ནང་དུ་ཁེ་ལས18དང་། ཕྱི་རུ་ཁེ་ལས27)འཛུགས་སྐྲུན་བྱེད་པའི་སྒང་ཡིན་ཏེ། ལས་ཞུགས་མི་སྣ150ལྷག་ལ་སྐུལ་ཁྲིད་བྱས་ནས་དཔལ་འབྱོར་གྱི་ཕན་ནུས་སྒོར་ཁྲི5000ལྷག་བྱུང་བ་རེད།

W020191205529212034269.jpg

འདི་ནི་ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་མི་བསྡུ་བའི་ཚོགས་འདུའི་ཡུལ་དངོས་རེད།

ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་བྱས་ཏེ་འབབ་འཕར་ལ་སྐུལ་འདེད་བཏང་བ།

ལྷ་ས་གྲོང་ཁྱེར་དུ་ངལ་ནུས་མངགས་གཏོང་ཀུང་སི13བཙུགས་པ་དང་། ལས་གཉེར་མཉམ་འབྲེལ་རུ་ཁག145བཙུགས་ཏེ་གཞི་རིམ་གྱི་ངལ་རྩོལ་ཁྲོམ་རའི་བྱེད་པོ་མེད་པ་ནས་ཡོད་པར་བྱས་ཏེ། རྫོང་(ཆུས)དང་། ཤང་གྲོང་ཚང་མར་ཁྱབ་པ་མངོན་འགྱུར་བྱས་པ་རེད། ངལ་ནུས་མངགས་གཏོང་གི་ལས་ཁུངས་བརྒྱུད་དེ་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་གྱི་ནུས་པ་གཞན་སྒྱུར་བྱེད་པའི་ལས་ཞུགས་མི2174རྩ་འཛུགས་བྱས་ཏེ། ངལ་ནུས་ཡོང་འབབ་སྒོར་ཁྲི3348.37བྱུང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་རྫོང4དང་། ཤང8གྲོང་ཚོ11བཅས་དཔེ་མཚོན་རྫོང་དང་གྲོང་གསེབ་ཏུ་བདམས་ནས་ལས་གནས་སྦྲེལ་མཐུད་དང་། རྩལ་ནུས་གསོ་སྦྱོང་། མ་དངུལ་རོགས་སྐྱོར་སོགས་ཀྱི་ཐད་གཟིགས་སྐྱོང་བྱས་ཤིང་། མིག་སྔའི་བར་རྫོང་བཞི་དང་ཤང་བརྒྱད་དང་གྲོང་ཚོ་བཅུ་གཅིག་གི་མི4109ལ་ལས་ཞུགས་གཞན་སྒྱུར་བྱེད་པའི་ཞབས་འདེགས་ཞུས་ཏེ། ལས་ཞུགས་གཞན་སྒྱུར་བྱེད་ཚད90.4%ཟིན་ནས་དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ལེགས་ཙམ་བྱས་ཡོད་པ་རེད།

དུས་མཚུངས་སུ་ལྷ་ས་གྲོང་ཁྱེར་གྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་རྒྱ་ཁྱབ་ངང་སྤེལ་ཏེ་ཞིང་འབྲོག་མང་ཚོགས་དང་འཚམ་པའི་ལས་ཞུགས་ལས་གནས་གསར་སྤེལ་བྱས་ནས། ལག་རྩལ་རང་བཞིན་དང་ཡོང་འབབ་མཐོ་བའི་ལས་ཞུགས་གཞན་སྒྱུར་གྱི་བསྡུར་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ལས་ཞུགས་གཞན་སྒྱུར་གྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།