ཆབ་མདོ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་དང་གནོད་འཚེ་བཏང་བའི་གནད་དོན་ཆེད་དོན་བཅོས་སྒྲིག་གི་ལས་དོན་གཏིང་ཟབ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་དང་གནོད་འཚེ་བཏང་བའི་གནད་དོན་ལ་དམིགས་ནས་དག་ཐེར་བྱེད་ཐབས་ནུས་ལྡན་བཏོན་པས། བཅོས་སྒྲིག་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཁྱབ་ཁོངས་སུ་དུད་ཚང805ཡི་མི3928(དེ་དག་ལས་དབུལ་ཐར་མ་བྱུང་བའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ནད་པ་ཚབས་ཆེན་དང་དབང་པོ་སྐྱོན་ཅན་ཚབས་ཆེན་དུད་ཚང62ཀྱི་མི90མ་མཐའི་འཚོ་བ་འགན་ལེན་ནང་བཅུག་པ)བཅུག་པ། དུད་ཚང216གི་མི760ལ་མ་མཐའི་འཚོ་བ་འགན་ལེན་གྱི་གྲལ་བཤེར་བྱས་པ་ལས་ཆ་རྐྱེན་འཛོམས་པའི་དུད་ཚང183གྱི་མི653མ་མཐའི་འཚོ་བ་འགན་ལེན་ནང་བཅུག་པ་དང་། ཆ་རྐྱེན་འཛོམས་པའི་དུད་ཚང8ཀྱི་མི8ཤིན་ཏུ་དབུལ་པོའི་བསྙེན་བཀུར་ནང་བཅུག་པ་མ་ཟད། ད་དུང་མི441ལ་གནས་སྐབས་རོགས་སྐྱོབ་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བར་བྱས་པ་རེད། 2019ལོའི་ཚུན་དུ། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་དང་གནོད་འཚེ་བཏང་བའི་གནད་དོན194བདག་སྤྲོད་བྱས་པ་ལས་གནད་དོན94ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། གནད་དོན43ཐག་གཅོད་བྱས་པ། གནད་དོན21གྱོད་ཐོ་བཀོད་དེ་ཞིབ་བཤེར་ཐག་གཅོད(གྱོད་ཐོ་འགོད་བཞིན་པའི་གནད་དོན6ཚུད་པ)བྱས་པ་དང་། མི26ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་བཅད་པ་དང་། རྩ་འཛུགས་ཀྱིས་གནད་དོན36དང་མི96ཐག་གཅོད་བྱས་པས། མང་ཚོགས་ཉེ་འགྲམ་གྱི“ཚུལ་མིན་སྤྱོད་ཚུལ”གཏན་འགོག་མཐའ་གཅིག་ཏུ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།