མངའ་རིས་ས་ཁུལ་གྱི“གསང་སྤྱོད་གསར་བརྗེའི”རྣམ་གྲངས་ལས་མཇུག་འགྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱིས2017ལོ་ནས་བཟུང་ལག་ལེན་བསྟར་བའི“གསང་སྤྱོད་གསར་བརྗེའི”རྣམ་གྲངས་འཛུགས་སྐྲུན་མིག་སྔར་ལས་མཇུག་འགྲིལ་ནས་རྩིས་བླངས་པ་དང་གསང་སྤྱོད་ཁག་གཅིག་སྤྱོད་འགོ་ཚུགས་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། “གསང་སྤྱོད་གསར་བརྗེའི”རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་ཁྲི7054.56བཏང་སྟེ་གསང་སྤྱོད96གསར་རྒྱག་བྱས་པའི་ཁྲོད་སྒར་རྫོང་དུ12དང་། རུ་ཐོག་ཏུ14 རྩྭ་མདའ་རུ10 སྤུ་ཧྲེང་དུ16 དགེ་རྒྱས་སུ15 སྒེར་རྩེར12 མཚོ་ཆེན་དུ17བཅས་ཡོད་པ་དང་གསང་སྤྱོད་ཚང་མར་ཁེར་རྐྱང་གི་ཆབ་གཞོང་དང་། དྲོད་ལེན་ཡོ་བྱད། སྒོ་ཡོལ་བཅས་བསྒར་ཡོད་པ་མ་ཟད་གྲོང་ཁྱེར་དོ་དམ་གྱི་ཆུ་འབུད་ཆུ་གཏོང་དང་གློག་ལམ་མ་ལག་དང་འབྲེལ་མཐུད་བྱས་ཡོད།

སེང་གེ་ཁ་འབབ་གྲོང་རྡལ་གྱི་གྲོང་མི་བཀྲ་ཤིས་ནོར་བུས་གསར་འགོད་པར“དེ་སྔོན་མངའ་རིས་སུ་སྤྱི་པའི་གསང་སྤྱོད་ཉུང་བ་དང་ཁོར་ཡུག་ཀྱང་ཞན་པོ་ཡོད་པས། མ་རབས་ཀྱི་སྣང་ཚུལ་མང་པོ་ཐོན་གྱི་ཡོད། ད་ཆ་གསང་སྤྱོད་གསར་པ་དེ་དག་ཡོད་པས་ཚང་མའི་འཚོ་བ་སྟབས་བདེ་རུ་ཕྱིན་པ་མ་ཟད། གྲོང་ཁྱེར་གྱི་ཁོར་ཡུག་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་འདུག མི་སེར་དཀྱུས་མ་ཞིག་ཡིན་པའི་ངོས་ནས་ངས་མངའ་རིས་གྲོང་ཁྱེར་འཛུགས་སྐྲུན་གྱི་འགྱུར་ལྡོག་ལ་དགའ་ཚོར་སྐྱེ་གིན་འདུག”ཅེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།