མཉམ་ལས་ཁང་གཞིས་རྩེའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་སྒུལ་ཤུགས་གསར་པར་གྱུར་པ།

ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཚད་མཐོའི་མཐོང་ཆེན་དང་ཇུས་འགོད་ཞིབ་ཚགས་བྱས་ནས། ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་དཔེ་གསར་སྐྱེད་སྲིང་ཤུགས་ཆེན་དང་། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་མ་ལག་གང་མགྱོགས་འཛུགས་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་གྲངས་འབོར་དང་སྤུས་ཚད་དང་དེ་བཞིན་ཞབས་ཞུའི་ནུས་པ་དང་ཕྱོགས་བསྡུས་ཕན་འབྲས་སོགས་ཟམ་མི་ཆད་པར་འཕེལ་རྒྱས་དང་གོང་མཐོར་གཏོང་བ་བཅས་བྱས་པས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད།

འགྲོ་ལུགས་གཉེར་བདེ་བ། སྐར་མ་ཉི་ཤུའི་ནང་ཐོ་འགོད་བྱེད་ཐུབ་པ།

གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚོས་སྔ་བར་ཕྱི་གསུམ་དུ“སྔོན་དུ་གསུམ”མཐའ་འཁྱོངས་བྱས་ནས་མཉམ་ལས་ཁང་སྒྲིག་འཛུགས་འཕེལ་རྒྱས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་པ་རེད།

རྩ་འཛུགས་ཀྱི་འགན་ལེན་སྔོན་དུ་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་པ་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་སྐུལ་འདེད་གཏོང་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྒྲིག་འཛུགས་འཕེལ་རྒྱས་གཏོང་རྒྱུ་དེ“རྩ་འཛུགས་པུའུ་ཀྲང་གི་འདུ་འགོད”ལ་བརྩིས་ཏེ། ལས་ཀའི་ཆེད་དོན་ཚན་ཁག་དུས་ཐོག་ཏུ་བཙུགས་པ་དང་། སྒྲིག་གཞི་དང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། ལས་ཀའི་དམིགས་ཚད་ཁ་གསལ་དུ་བཏང་བ། ལས་བགོས་ཞིབ་ཚགས་སུ་བཏང་བ། ལས་འགན་ཚད་འབེབས་བྱས་པ། ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་རིམ་པ་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་ཇུས་ཤུགས་མཉམ་འདོན་ལ་སྐུལ་འདེད་བཏང་བ་རེད།

དྲིལ་བསྒྲགས་ཁྲིད་སྟོན་སྔོན་དུ་བྱས་ཤིང་། འགན་ནུས་སྡེ་ཚན་དང་རྫོང་དང་ཆུས་ཁག་གིས་བཅར་འདྲི་ཆེན་པོ་དང་བརྟག་ཞིབ་ཆེན་པོ་བྱས་ནས་མཉམ་ལས་ཁང་ལ་ཆེད་དོན་བརྟག་ཞིབ་བྱས་ཏེ་སྲིད་ཇུས་དང་བསམ་ཕྱོགས་ཡོད་བཞིན་ཤང་དང་གྲོང་ཚོར་བསྐྱོད་པ་དང་། རང་སར་མཛུབ་ཁྲིད་དང་དོགས་གནད་སེལ་བ། མཉམ་ལས་ཁང་འཕེལ་རྒྱས་གཏོང་བའི་ཡང་དག་ལམ་བུར་བསྐྱོད་དེ་དོན་སྙིང་ལྡན་པའི་བྱ་བ་སྒྲུབ་པ། མང་ཚོགས་རང་འགུལ་ངང་མཉམ་ལས་ཁང་ལ་ཞུགས་རྒྱུར་ཁྲིད་སྟོན་བཅས་བྱས་ཡོད།

འགན་སྲུང་དང་རྒྱབ་སྐྱོར་སྔོན་དུ་བྱས་ཤིང་། འགན་ནུས་སྡེ་ཚན་གྱིས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་སྡེ་ཚན་གྱི་ཐོན་ཁུངས་བསྡུ་སྒྲིལ་གྱིས་རང་འགན་གཙང་སྒྲུབ་བྱེད་པ་དང་། ཆེད་དོན་ཞབས་ཞུའི་སྐར་ཁུང་འཛུགས་པ། བརྒྱུད་རིམ་ཧྲིལ་པོའི་བློ་འདྲི་དང་ཐོ་འགོད་ཞབས་ཞུ་སྒྲུབ་པ་བཅས་བྱས་ནས་མཉམ་ལས་ཁང་ལ་འཕྲད་པའི་དཀའ་ངལ་དུས་ཐོག་ཏུ་སེལ་རོགས་བྱས་པ་རེད། དེ་དང་དུས་མཚུངས་གྲོང་ཁྱེར་དང་རྫོང་རིམ་གཉིས་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་3.5ལྷག་ཙམ་བཏང་ནས་མཉམ་ལས་ཁང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་མཉམ་ལས་ཁང་རྒྱ་སྟོབས་ཆེ་རུ་འགྲོ་ཆེད་མ་དངུལ་གྱི་འགན་ལེན་ནུས་ལྡན་བྱས་པ་རེད།

བྱ་བ་དངོས་བསྒྲུབས་པ། ཕྱོགས་མང་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་པ།

མིག་སྔར་གཞིས་རྩེ་གྲོང་ཁྱེར་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་6256ཡོད་པའི་ནང་སྣོད་བཅུད་དབུལ་སྐྱོར་རིགས་1456དང་། ངལ་ནུས་ཕྱིར་གཏོང་རིགས་1535 འདེབས་འཛུགས་རིགས་475 གསོ་ཚགས་རིགས་1030 ལག་ཤེས་རིགས་591 ཞིང་འཕྲུལ་རིགས་63བཅས་དང་དེ་བཞིན་རིགས་གཞན་དག་1106ཡོད། ངོ་བོ་གཅིག་མཚུངས་ཀྱི་མཉམ་ལས་ཁང་འཕེལ་རྒྱས་མི་གཏོང་བ་དང་འགྲན་རྩོད་མི་ཡོང་བ་བྱས་ཏེ་ཕྱོགས་མང་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་རྒྱུར་སྐུལ་འདེད་བཏང་བ་རེད།

ཞིང་འབྲོག་པའི་མཉམ་ལས་ཁང་རྒྱ་སྟོབས་ཆེ་རུ་གཏོང་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་དམིགས་ཡོད། “གསལ་ཤེས་པ”གསོ་སྐྱོང་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས“གཞོན་ནུ་ཕྱུག་འགྱུར་འཇོན་ཐང་ཅན་ཏང་ཡོན་ལ་གསོ་སྐྱོང་དང་། གྲོང་གསེབ་ཀྱི་ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་ལ་གསོ་སྐྱོང་། ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་གྲོང་ཚོའི་ལས་བྱེད་པར་གསོ་སྐྱོང་། ཕུལ་བྱུང་གྲོང་ཚོའི་ལས་བྱེད་པ་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་གསོ་སྐྱོང”བཅས་ཀྱི་འདུ་ཤེས་ལ་གཞིགས་པ་དང་། “གདན་འདྲེན་ཞུ་བ་དང་ཕྱིར་སྐྱོད་པའི”བྱེད་ཐབས་མཐའ་འཁྱོངས་ཀྱིས་མཉམ་ལས་ཁང་སྒྲིག་འཛུགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་། དོ་དམ་ཤེས་བྱ། ལས་ཞུགས་རྩལ་ནུས་སོགས་ནང་དོན་གཙོ་བོར་བརྩིས་ནས་གསོ་སྦྱོང་བྱས་ཏེ་མཉམ་ལས་ཁང་གི་ཁོངས་མིའི་ཐོན་སྐྱེད་འཇོན་ཐང་དང་ལས་ཞུགས་རྩལ་ནུས་ཆེ་རུ་བཏང་བ་རེད།

ཕྱར་བ་གྲུ་འདེགས་བྱས་པ། ཞིང་འབྲོག་པ་ཚང་མར་འབབ་འཕར་ཡོང་བ་བྱས་པ།

ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་སྟོབས་ཆེར་ཕྱིན་ནས། ད་ཆ་གཞིས་རྩེའི་ཕྱོགས་བཞི་མཚམས་བརྒྱད་ལ་མཉམ་ལས་ཁང་ཡོད། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་མང་པོས་རང་ངོས་སྟོབས་ཆེར་གཏོང་བ་དང་དུས་མཚུངས། ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་ཡོང་བའི་ཐོག་མའི་བསམ་འདུན་གཏན་ནས་བརྗེད་མེད།

བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་དུད་ཚང་དབུལ་པོ་མ་རྐང་ནང་ཞུགས་པའི་མི་གྲངས་ཁྲི་13.47ཟིན་པ་དང་། དུད་ཚང་དབུལ་པོའི་མཚམས་སུ་སླེབས་པའི་དུད་ཚང་མ་རྐང་ནང་ཞུགས་པའི་མི་གྲངས་ཁྲི་8.34ལྷག་ཙམ་ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་དང་དུད་ཚང་དབུལ་པོའི་མཚམས་སུ་སླེབས་པའི་དུད་ཚང་གི་མི་འབོར་གྱི་100%དང་84.86%བཟུང་ནས། ཡོང་འབབ་བགོ་བཤའ་རྒྱག་རྒྱུ་ཡོད་པའི་མཉམ་ལས་ཁང་642ཡོད་པ་དང་། ཡོང་འབབ་བགོ་བཤའ་རྒྱག་པའི་དངུལ་འབོར་སྒོར་ཁྲི་7400ཟིན་ཡོད།

འཚོ་བ་སྐྱིད་རུ་ཕྱིན་པས་མི་སེམས་གོང་བུ་གཅིག་ཏུ་འགྲིལ་ཞིང་། མཉམ་ལས་ཁང་གི་ལས་སྟེགས་འདི་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་བློ་ནུས་དེ་བས་མང་བ་དྲིན་ཚོར་ཡར་བརྩོན་དང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ། ཕྱུག་འགྱུར་འབབ་འཕར་བཅས་ཀྱི་ཐད་བཞག་ནས་ཚང་མས་མཉམ་ལས་ཁང་གི་ཆེད་དུ་བསམ་བློ་གཏོང་བ་དང་། ཇུས་འདོན་པ། ཐབས་ལམ་འཚོལ་བ་དང་རང་འགུལ་ངང་དཀའ་སྤྱད་ལག་ཟུང་ལ་བརྟེན་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་འདུ་ཤེས་སྔར་བས་ཟབ་ཏུ་འགྲོ་བ་དང་། གཞི་རིམ་དུ་ཏང་གི་གོང་བུ་འགྲིལ་ཤུགས་དང་འབོད་སྐུལ་ནུས་པ་སྔར་བས་ཆེ་རུ་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།