ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུའུ་ཡིས“སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད”ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“རྒྱལ་ཁབ་ཆེད་དུ་རྒྱུ་ནོར་གསོག་པ་དང་དམངས་ཀྱི་ཆེད་དུ་ཁྲལ་བསྡུ་བའི”འགན་འཁྲི་ཏན་ཏིག་འཁུར་ནས“སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད”ལ་བརྟེན་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ཡོད།

ཁྲལ་རིན་གཉིས་གཅོག་གིས་ཁེ་ལས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཕྲན་ཚེགས་ཁེ་ལས་ཀྱི་ཀུན་ཕན་རང་བཞིན་གྱི་ཁྲལ་རིན་གཉིས་གཅོག་དང་། མི་སྒེར་གྱི་ཐོབ་ཁྲལ་སྒྱུར་བཅོས། སྤྱི་ཚོགས་འགན་བཅོལ་གྱི་གྲོན་འཇལ་ཚད་གཞི་དམའ་རུ་གཏོང་བ་སོགས་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གནད་དོན་ལ་ལན་འདེབས་པའི་ལམ་སྲོལ་འཛུགས་པ། ཕྱོགས་གསུམ་པས་གང་བྱུང་དུ་རིན་བསྡུ་བར་རྒྱུན་མཐུད་བཅོས་སྒྲིག་བཅས་བྱས་པས། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་3.7བྱས་ཏེ་ཁྲལ་རིན་གཉིས་གཅོག་གི་ཕན་འབྲས་ཟམ་མི་ཆད་པར་མངོན་ཡོད།

“དངུལ་ཁང་དང་ཁྲལ་དོན་སྤེལ་རེས”བྱས་ནས་ཁེ་ལས་ཀྱི་མ་རྩ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་དངུལ་ཁང་ཁོངས་གཏོགས་དང་མཉམ་ལས་ཀྱིས“དངུལ་ཁང་དང་ཁྲལ་དོན་སྤེལ་རེས”རྣམ་པ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། དངུལ་རྩའི་སྒྲིག་གཞི་དང་མཉམ་འབྲེལ་ཀྱིས“སྤྲིན་ཁྲལ་དངུལ་བུན”འོས་སྦྱོར་ཚོགས་འདུ་བརྒྱུད་ནས་དངུལ་ཁང་གིས་ཁྲིམས་ལྟར་ཡིད་རྟོན་ཁྲལ་འཇལ་བྱེད་པ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་བཟང་པོ་ལྡན་པའི་ཁེ་ལས་འབྲིང་ཆུང་ལ་དངུལ་བུན་གཏོང་རྒྱུའི་ཁྲིད་སྟོན་བྱས་ཡོད། མིག་སྔའི་བར་ཁྲལ་འཇལ་བ་24ལ་རོགས་རམ་བྱས་ཤིང་། ཁྱོན་འཛུགས་སྐྲུན་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གི་སྒོར་ཁྲི་1250.3རི་བའི“སྤྲིན་ཁྲལ་དངུལ་བུན”ཐོན་རྫས་རག་ནས“ཁྲལ་དོན། དངུལ་ཁང་། ཁེ་ལས་བཅས”སྣ་མང་མཉམ་ལས་དང་གཉིས་ཕན་བྱུང་ཡོད།

སྒོ་ཁར་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་ཁེ་ལས་ཀྱིས་ལོངས་སྤྱོད་ཆོག་རིགས་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“ལས་ཁུངས་དང་ཁེ་ལས་སུ་སྐྱོད་པ”དང་། “མཐའ་མཚམས་སུ་ཁྲལ་ཁྲིམས་དྲིལ་བསྒྲགས་ཀྱི་བྱ་སྤྱོད” “དགོས་མཁོ་དང་། སྲིད་ཇུས། བདེ་རྩ་བཅས་དྲིས་ནས་སྒོ་ཁར་སྲིད་ཇུས་དྲིལ་བསྒྲགས”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཁྲལ་འཇལ་བ་དང་གྲོན་འཇལ་བ། ཁྲལ་ཁུངས་ཁེ་ལས་གཙོ་བོ་བཅས་224ལ་བསྐྱོད་དེ་གནད་དོན་སྣ་ཚོགས་ལ་དམིགས་ནས་བྱ་ཐབས་ཞིབ་ཕྲ་ཁག་104བཏོན་པ་བརྒྱུད་ཁྲལ་འཇལ་བ་དང་གྲོན་འཇལ་བའི་ཐོབ་ཚོར་སྔར་བས་ཆེ་རུ་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།