ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དང་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བརྗོད་དོན་སློབ་གསོར་སྐུལ་འདེད་ཤུགས་ཆེན་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བརྗོད་དོན་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དང་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་གཅིག་གྱུར་བཀོད་སྒྲིག་དང་ལས་ཀའི་བླང་བྱ་གཞིར་བཟུང་། ཇུས་འདོན་དང་ལས་རོགས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་གིས“བརྒྱུད་རོགས་ཁྲིད”གསུམ་གྱི་ལས་དོན་སྔར་བས་ཟབ་ཏུ་བཏང་ནས་གྲོང་ཚོ(གྲོང་ལྷན)ཁག་གི“ཨུ་ལྷན”གཉིས་ལ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་སྤེལ་རྒྱུར་རོགས་རམ་དང་ཁྲིད་སྟོན་བྱས་པས་གཏིང་ཟབ་ལ་བཀྲག་མདངས་འཚེར་བ་དང་ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།

བྱ་སྤྱོད་མྱུར་དུ་སྤེལ། སྒྲིག་འཛུགས་ཞིབ་ཚགས་བྱས།

ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དང་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་དང་། མིག་སྔའི་ལས་བྱེད་པའི་གྲོང་སྡོད་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་རྩ་བའི་ལས་འགན་ལ་དམིགས་པ་དང་། ཇུས་འགོད་དང་བཀོད་སྒྲིག་ནན་ཏན་བྱས་པ། ཚན་རིག་དང་མཐུན་པའི་ངང་སྤྱི་འདོམས་སྐུལ་འདེད་བཏང་བ། དུས་རབས་གསར་པའི་ལས་བྱེད་པའི་གྲོང་སྡོད་ལས་དོན་དང་ཟུང་འབྲེལ་བཅས་བྱས་པ་བརྒྱུད། བརྗོད་དོན་གཙོ་བོའི་སློབ་གསོ་བོད་ཤར་རྒྱུད་ཀྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་འཐབ་ས་དང་པོར་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱས་ཡོད།

བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། རིམ་ཁག་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དང་གྲོང་ཚོ(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་འཕྲལ་མར《གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ལ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རོགས་བྱ་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》བཟོས་ཏེ། བཀྲམ་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཚད་ལས་འགན་ཁ་གསལ་བཏོན་པ་དང་། གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནས་ལས་ཀ་གང་ཞིག་བྱེད་དགོས་པ་དང། ཇི་ལྟར་བྱེད་དགོས་པ། ཇི་ལྟར་བྱས་ན་ཡག་པོ་ཡོད་པ་བཅས་ཤེས་པར་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

རིམ་ཁག་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དང་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་གཞུང་དོན་ཁང་དུས་ཐོག་ཏུ་བཙུགས་པ་དང་ཕྱུག་འགྱུར་སྣེ་ཁྲིད་ཞིང་འབྲོག་པའི་ཏང་ཡོན་དང་། ལས་ཀའི་འཇོན་ཐང་ཆེ་བའི་གྲོང་སྡོད་ལས་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པའི་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ་བཅས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུར་སྣང་ཆེན་བྱས་པ་དང་། འགན་འཁྲི་ཁག་བགོས་ཁ་གསལ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད།

ཐོས་བསམ་ལག་ལེན་བསྟར། འགན་འཁྲི་དོན་འཁྱོལ་བྱས།

སྟེང་ཆེན་རྫོང་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གིས་གྲོང་སྡོད་ལས་བྱེད་པའི་ཁྲོད“མཉམ་དུ་ལྔའི”(མང་ཚོགས་དང་མཉམ་ཟ་མཉམ་འཐུང་དང་། མཉམ་དུ་སྡོད་པ། མཉམ་དུ་ངལ་རྩོལ། མཉམ་དུ་སློབ་སྦྱོང་། མཉམ་དུ་འཚོ་བ་སྐྱེལ་བ)བྱེད་སྒོ་སྤེལ་ནས་གྲོང་སྡོད་ལས་བྱེད་པ་256ཁག་བགོས་ནས་མང་ཚོགས་དང་མཉམ་དུ་ལས་ཀ་བྱེད་པ་དང་མང་ཚོགས་ལ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཤེས་བྱ་སློབ་པ་དང་། བསམ་ཕྱོགས་འདོན་པ། ཇུས་འདོན་པ་བཅས་བྱས་ཡོད། མིག་སྔར། “མཉམ་དུ་ལྔའི”བྱེད་སྒོ་ཁག་ཐེངས་གསུམ་སྤེལ་ཟིན་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།

བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད། ཆབ་མདོ་གྲོང་ཁྱེར་རིམ་ཁག་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གིས་མཐོང་རྒྱུ་ཡོད་པ་དང་། སྦྱོང་ཐུབ་པ། སྣེ་ཁྲིད་ཐུབ་པ་བཅས་ཀྱི་སྔོན་ཐོན་དཔེ་མཚོན་སྔོག་འདོན་བྱས་ཏེ《བོད་ཤར་རྒྱུད་གྲོང་སྡོད་གདོང་ལེན་པའི》བརྙན་འཕྲིན་ཆེད་བསྒྲིགས་ལེ་ཚན་དང་། ཆ་འཕྲིན་གྱི་གནས་ཚུལ་གནད་བསྡུས། 《དུས་རབས་གསར་པའི་བོད་ཤར་རྒྱུད་ཀྱི་གྲོང་སྡོད་ལས་དོན》(ཟླ་བ་གཉིས་ཀྱི་དུས་དེབ)བོད་ཤར་རྒྱུད་ཀྱི་གྲོང་སྡོད་ཉམས་འགྱུར་གྱི་སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་གཞི་རྟེན་ཕྱོགས་བསྡུས་ཐོག་སྤྱད་པ་དང་། ཉེ་འགྲམ་གྱི་གསོན་ཉམས་དོད་པའི་དབུལ་སྒྲོལ་གྱི་དཔེ་མཚོན་སྤྱད་པས་ཐོག་མའི་བསམ་འདུན་དོན་འཁྱོལ་དང་། འགན་འཁྲི་སྐུལ་སློང་། དམངས་སེམས་གཅིག་སྒྲིལ་བཅས་ཀྱི་ནུས་པ་ཐོན་ཡོད།

སྙིགས་དོར་བཅུད་ལེན་གྱིས། དམངས་ཆེད་ཞབས་འདེགས་ཞུ།

བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་གྲུབ་ཆའི་གནས་ཚུལ་དང་། འགན་ནུས་སྒྲུབ་པའི་ནུས་པ། འཁོར་རྒྱུག་གནས་ཚུལ་བཅས་ལ་གཞིགས་ཏེ། “གྲོང་ཚོ་བརྒྱ་བཅོས་སྒྲིག་དང་གྲོང་ཚོ་སྟོང་མཐོར་གཏོང”གི་འཆར་གཞི་ལག་བསྟར་དང་ཟུང་འབྲེལ་བྱས་ནས“བརྒྱུད་རོགས་ཁྲིད”གསུམ་ལས་ཀའི་དམ་འཛིན་བྱ་གཞིར་བྱེད་པ་དང་། “1+2+X”ཡི་ཆ་སྒྲིག་རོགས་ཁྲིད་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ། “གྲོང་ཚོ་རེ་ལ་ཡིག་ཚགས་རེ”ཚད་ལྡན་དུ་གཏོང་བ་བཅས་བརྒྱུད། སྔོན་གཏན་འཁེལ་བའི“གཏན་འབེབས་བྱ་སྤྱོད་ཁག་དགུའི”ངོ་བོ་མི་འགྱུར་བ་དང“རང་འདེམས་བྱ་སྤྱོད”ལ་ཁྱད་ཆོས་ལྡན་པ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)1142ཁྲོད། “ནུས་མེད་ཟབ་ཟོབ”ཀྱི་ཏང་རྩ་འཛུགས་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།