གྲོང་གསེབ་ཏུ་ཁྲིམས་ལུགས་དྲིལ་བསྒྲགས་བྱས་པ།

res04_attpic_brief.jpg

འདི་ནི་ལྷོ་ཁ་གྲོང་ཁྱེར་ཁྲིམས་འཛིན་ཅུས་བཅའ་ཁྲིམས་རོགས་སྐྱོབ་ལྟེ་གནས་ཀྱི་ཁྲིམས་རྩོད་པ་ཏུའུ་ཡུང་གིས་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་2019ལོའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཉིན་མོར“བཅའ་ཁྲིམས་ཁྱབ་གདལ་དང་རིག་རྩལ་འཁྲབ་སྟོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོར་སྤེལ་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་པས་དྲིལ་བསྒྲགས་བློ་འདྲི་བྱ་ཡུལ་བཙུགས་པ་དང་སྦྱར་ཡིག་བཀལ་བ་སོགས་ཀྱི་བྱ་ཐབས་བརྒྱུད། མང་ཚོགས་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་ལག་དེབ་སྤྲད་པ་དང་སྦྲགས་སེམས་རྩ་འཁོལ་པོས་བཅའ་ཁྲིམས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ་ཡོད། ཐེངས་འདིའི་བྱེད་སྒོར་བཅའ་ཁྲིམས་དྲིལ་བསྒྲགས་བརྗོད་དོན་གཙོ་བོར་བྱས་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་དང་། ནག་སེལ་གཤེད་བཅོམ། དུག་འགོག ན་སོ་དར་ལ་མི་བབས་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས། བརྒྱུད་འཚོང་དང་ཁྲིམས་འགལ་གྱི་མ་དངུལ་བསྡུ་སྒྲིལ་སོགས་ཀྱི་ནང་དོན་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།