གཞིས་རྩེ་གྲོང་ཁྱེར་གྱིས་བྱ་གཞག་ཚན་པའི་ལས་གནས་བཀོད་སྒྲིག་ལེགས་གྲུབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2019ལོའི་གཞིས་རྩེ་གྲོང་ཁྱེར་གྱི་བྱ་གཞག་ཚན་པའི་ལས་གནས་བཀོད་སྒྲིག་གི་ཇུས་གཞིར་ཞིབ་མཆན་བཀོད་ཟིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་གཞིས་རྩེ་གྲོང་ཁྱེར་གྱི་བྱ་གཞག་ཚན་པའི་ལས་གནས་བཀོད་སྒྲིག་གི་ལས་དོན་གྲོང་ཁྱེར་ཡོངས་ཀྱི་བྱ་གཞག་ཚན་པ1511ལ་ཁྱབ་པ་དང་། ཞིབ་མཆན་བཀོད་པའི་ལས་གནས་བསྡོམས་ཁྲི1.9ཡོད་པ་དེས་ལས་གནས་བསྡོམས་འབོར་གྱི100%བཟུང་ཡོད་པ་རེད།

ལས་གནས་བཀོད་སྒྲིག་གི་ལས་དོན་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་མི་སྤྱི་སྡེ་ཚན་གྱིས་ཚན་པ་ཁག་གིས་གོང་ཞུ་བྱས་པའི་ལས་གནས་བཀོད་སྒྲིག་གི་ཇུས་གཞིར་འཕྲལ་དུ་བདག་སྤྲོད་དང་། འཕྲལ་དུ་ཞིབ་འཇུག འཕྲལ་དུ་མཆན་བཀོད་བཀའ་ལན་བཅས་མཐའ་འཁྱོངས་བྱས་ནས་ནར་འགྱངས་དང་ཕུང་གསོག་མི་ཐེབས་པ་བྱས་ཡོད། དོགས་ཡོད་དང་དཀའ་གནད་ལ་དམིགས་ནས་ནང་ངོས་ཀྱི་ཚོགས་འདུ་ཐེངས་མང་འཚོགས་ཏེ། བཞུགས་མོལ་བྱས་ནས་ཚན་པས་ལྷག་འཕྲོར་ལུས་པའི་གནད་དོན་ཁ་ཤས་ལ་ཞིབ་འཇུག་བྱས་པ་དང་སྦྲགས། ལག་བསྟར་བྱེད་རིང་གནས་པའི་དཀའ་གནད་ལ་འགྲེལ་བཤད་བརྒྱབ་སྟེ་ལས་གནས་བཀོད་སྒྲིག་གི་བསྡུར་གྲངས་དང་དེ་བཞིན་གྲུབ་ཆ་ཚན་རིག་དང་མཐུན་ལ་ལུགས་མཐུན་ཡོང་བའི་འགན་ལེན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།