ཆབ་མདོ་གྲོང་ཁྱེར་གྱིས་གྲོང་མིས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱིས“འཚོལ་བཤེར་དྲུག”གི་བླང་བྱར་དམིགས་པ་དང་། རང་ངོས་ནས་ཞིབ་བཤེར་ཐུབ་པའི་གནད་དོན་46དང་གསེད་དཀྲོལ་དགོས་པའི་དམངས་སྒྲུབ་ལས་ཀའི་རྣམ་གྲངས་29ལ་གཞིགས་ནས། སྒོར་ཁྲི་11441.33བཏང་སྟེ་རགས་ཁུལ་Aཡི་གྲོང་སྲིད་ལམ་བུའི་གསར་གཏོད་ལམ་བསྐྲུན་ནས་མང་ཚོགས་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས“ནད་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི”མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། རང་འགུལ་ངང་སྒོ་ཁར་བསྐྱོད་དེ་སྨན་བཅོས་བྱེད་པའི་བྱ་བ་དངོས་བསྒྲུབས་ཤིང་། ཇ་རྟའི་ཐང་ཆེན་དང་། སྤང་མདའ་སྡེ་ཁུལ། བཅིངས་འགྲོལ་ཐང་ཆེན་སོགས་སུ་འོས་འགན་སྨན་བཅོས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཁྱོན་ནད་པ་1340ལ་བརྟག་དཔྱད་བྱས་པ་དང་། རིམ་རྩིས་ལྟར་ན། སྒོར་ཁྲི་19.4རི་བའི་སྨན་རྫས་རིན་པ་མི་དགོས་པར་སྤྲད་པ་རེད།

ཆབ་མདོ་གྲོང་ཁྱེར་ཕྱུགས་རིགས་སྤྱི་ཁྱབ་ས་ཚིགས་ཀྱིས་མང་ཚོགས་ཀྱི་འབྲོག་ལས་ཀྱི་ཐོན་སྐྱེད་དཀའ་གནད་དང་། དེ་བཞིན་འབྲི་གཡག་རྒྱུད་སྤེལ་གྱི་དཀའ་གནད་ལ་གཞིགས་ནས། “གཞི་རིམ་ལ་ལག་རྩལ་སློབ་པའི”བྱེད་སྒོ་ཐེངས་14སྤེལ་བ་དང་། ལག་རྩལ་སྦྱོང་མཁན་21ལ་གསོ་སྦྱོང་བྱས་ཏེ་འབྲི་གཡག་རྒྱུད་སྤེལ་181བྱས་པ་རེད།

དེ་ལྟ་བུའི་བྱ་བ་དངོས་དང་བྱ་བཟང་ནི་ཆབ་མདོ་གྲོང་ཁྱེར་གྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་རེད།

ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་མངོན་གསལ་དོད་པའི་བསམ་འཆར་དང་། ཁ་ཚ་དགོས་གཏུག་དང་རེ་སྒུག་ཆེ་ཤོས། འདུན་པ་ཆེ་ཤོས་བཅས་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ནས། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ“དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བའི་བསམ་འཆར་བསྡུ་ལེན་དང་། དག་ཐེར་དོན་འཁྱོལ་གྱི་བྱ་སྤྱོད་ཆེན་པོའི”བྱེད་སྒོ་རྒྱ་ཁྱབ་སྤེལ་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་དངོས་ཕན་རང་བཞིན་དང་མང་ཚོགས་ཀྱི་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

སྤྱི་འཁོར་བསྒུགས་ནས་བསྡད་པའི་བགྲེས་སོང་སྒྲོལ་དཀར་དེང་སང་ཕྱིར་སྐྱོད་སྐབས་བདལ་གླ་ཁེ་པོ་ཡིན་པའི་སྤྱི་འཁོར་ནང་སྡོད་ཀྱི་ཡོད། ཁོང་གིས“སྤྱི་འཁོར་གྱི་ལམ་ཐིག་གསར་པ་ཤར་གཏོང་བྱས་པ་ནས་བཟུང་། གྲོང་ཁུལ་ནས་འགུ་རོ་ཟམ་ཆེན་བར་དེ་སྔོན་བདལ་གླ་སྒོར་ལྔ་རེད། ད་ཆ་སྒོར་གཉིས་ལས་སྤྲོད་དགོས་ཀྱི་མི་འདུག རླངས་འཁོར་ནང་སྡོད་ས་ཧ་ཅང་སྐྱིད་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད།

འགྲོ་སྐྱོད་དཀའ་བ་ནི་དེ་སྔོན་ཆབ་མདོ་གྲོང་ཁྱེར་གྱི་གྲོང་མིས་སེམས་ཁྲལ་ཆེ་ཤོས་བྱེད་ས་ཞིག་རེད་ལ། ཆབ་མདོ་གྲོང་ཁྱེར་གྱིས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་འཚོལ་བསྡུ་ཐུབ་པའི་དམངས་འཚོའི་གནད་དོན་ཞིག་ཀྱང་རེད། བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པའི་རྨང་གཞིའི་ཐོག ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ཐབས་ལམ་བརྒྱུད། གྲོང་ཁུལ་དུ་ནུས་རྒྱུ་གསར་པའི་གློག་སྒུལ་སྤྱི་འཁོར་26སྤྲད་ནས་གྲོང་ཁུལ་དང་འགུ་རོ་གྲོང་རྡལ་དང་། དཔལ་འབྱོར་གསར་སྤེལ་ཁུལ་བཅས་སུ་སྤྱི་འཁོར་གྱི་ཆེད་སྤྱོད་ལམ་ཐིག་གསུམ་ཤར་གཏོང་བྱས་པས་གྲོང་མིའི་འགྲོ་སྐྱོད་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད་པ་རེད།

ཆབ་མདོ་གྲོང་ཁྱེར་གྱི་གྲོང་མིའི་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་སྐབས། སྒོ་འཛུལ་མ་ཐག་ཞབས་ཞུའི་བློ་འདྲིའི་སྟེགས་བུ་ཞིག་ཡོད་པ་དང་། གཞོགས་གཅིག་ཏུ་རང་འགུལ་འཚོལ་བཤེར་འཕྲུལ་འཁོར་ཞིག་དང་ཨང་ཀི་བཀག་སའི་འཕྲུལ་ཆས་ཤིག་འདུག ངལ་གསོ་རྒྱག་སར་ཆུ་ཁོལ་དང་ཤོག་ཕོར་ཡོད་པས་གྲོང་མིས་རིན་སྤྲོད་མི་དགོས་པར་ཆུ་ཁོལ་འཐུང་ཆོག་གི་འདུག ཚོམས་ཆེན་ནང་ཁྱོན་ཚན་པ་18ཀྱི་ཞབས་ཞུའི་སྐར་ཁུང་51བཀོད་སྒྲིག་བྱས་ཡོད་པ་དག་གིས་ཉིན་གང་ལས་སྒོ་གཉེར་གྱི་ཡོད་པ་རེད།

ངལ་གསོ་རྒྱག་སར་སི་ཁྲོན་གྱི་ཚོང་པ་ཝང་ཆང་གིས་ལག་ཐོགས་ཁ་པར་ལྟ་ཞོར་དུ་རང་ཉིད་ཀྱི་ཨང་ཀི་བསྒུགས་ནས་བསྡད་འདུག གསར་འགོད་པས་དེང་སང་གི་ལས་སྒྲུབ་ལས་ཕྱོད་སྐོར་ལ་སྐད་ཆ་འདྲི་སྐབས། ཁོང་གིས་ད་ཆ་སྐྱོད་ཐེངས་གཅིག་ལ་འགྲོ་ལུགས་ཆ་ཚང་གཉེར་ཚར་གྱི་འདུག་པས་ཧ་ཅང་སྟབས་བདེ་པོ་འདུག ཁྱེད་ཚོད་ཤེས་ཀྱི་མ་རེད། དེ་སྔོན་འགྲོ་ལུགས་གཉེར་སྐབས་ཡར་རྒྱུགས་མར་རྒྱུགས་མང་པོ་བྱེད་དགོས་པས་རྙོག་དྲ་ཧ་ཅང་ཚ་པོ་ཡོད་ཅེས་བརྗོད་པ་རེད།

ཐོག་མའི་བསམ་འདུན་དང་འགན་འཁྲི་ནམ་ཡང་ཡིད་ལ་བཅངས། བརྗོད་དོན་གཙོ་བོའི་སློབ་གསོ་ཡང་ནས་ཡང་དུ་སྤེལ། ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཚུན། འདི་ལོའི་ཟླ་བ་11གི་ཟླ་དཀྱིལ་བར། ཆབ་མདོ་གྲོང་ཁྱེར་གྱིས“12+1”རྣམ་གྲངས་ཀྱི་ལས་ཀའི་གནད་དོན་ལ་གཞིགས་ནས་རིམ་པ་བཞིན་བསྡུར་བཤེར་བྱས་ཏེ། དག་ཐེར་བྱ་ཐབས་337བཟོས་ཡོད། མིག་སྔར་གནད་དོན་259དག་ཐེར་དོན་འཁྱོལ་ཟིན་པ་དང་། གནད་དོན་88དག་ཐེར་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གི་གནད་དོན་ལ་དམིགས་ནས། བརྟག་ཞིབ་ཞིབ་འཇུག་བྱ་གཞི་1100ལྷག་ཙམ་བཟོས་པ་དང་། དམངས་འཚོའི་ཁྱབ་ཁོངས་དང་འབྲེལ་བའི་ཞིབ་འཇུག་བྱ་གཞིས་60%ཡན་བཟུང་ཡོད། གཞི་རིམ་གྱི་ཏང་རྩ་འཛུགས་ཁག་དང་ཏང་ཡོན་གྱིས་མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བའི་གནད་དོན་900ལྷག་ཙམ་གསེད་བཀྲོལ་བྱས་པ་དང་། གནད་དོན་700ལྷག་ཙམ་ཐག་གཅོད་བྱས་པ། མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་དང་བྱ་བཟང་7100ལྷག་ཙམ་བསྒྲུབས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།