​བོད་ལྗོངས་སྐྱིད་གྲོང་འགག་སྒོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྐྱིད་གྲོང་འགག་སྒོ་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གིས་འགྲུལ་སྐྱེལ་ལམ་ཐིག6ཤར་གཏོང་བྱས་པས་སྐྱིད་གྲོང་འགག་སྒོར་ཚད་ལྡན་གྱི་འགྲུལ་སྐྱེལ་རླངས་འཁོར་ཡོད་པར་གྱུར་ཞིང་། སྐྱིད་གྲོང་རྫོང་གི་གཞུང་ལམ་འགྲུལ་སྐྱེལ་ལོ་རྒྱུས་ཐོག་སྟོང་ཆ་ཞིག་ཁ་གསབ་བྱས་པ་རེད།

  སྐྱིད་གྲོང་འགག་སྒོ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་རི་ཟུར་གྲོང་ཚོ་རུ་གནས་ཤིང་གནའ་སྔ་མོ་ནས་བཟུང་ཀྲུང་གོ་དང་ནེ་པ་ལ། དེ་མིན་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་བར་འགྲོ་འོང་དང་ཚོང་འགྲུལ་བྱེད་པའི་ལམ་བུ་གལ་ཆེན་ཞིག་རེད། དེང་སྐབས་རྒྱལ་ཁབ་ཀྱི་རིགས་དང་པོའི་སྐམ་ལམ་ཚོང་འགྲུལ་འགག་སྒོ་ཡིན་པ་དང2017ལོའི་ཟླ8ཚེས30ཉིན་ནས་བཟུང་རྒྱལ་ཁབ་གསུམ་ལ་དངོས་སུ་སྒོ་མོ་ཕྱེ་ཡོད།

(图文互动)西藏吉隆口岸开通客运班线

 སྐྱིད་གྲོང་འགག་སྒོའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲེན་ཤིན་པང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཁྱོན་བསྡོམས་ལམ་ཐིག6ཤར་གཏོང་བྱས་པ་དེ་སྐྱིད་གྲོང་རྫོང་གི་ཤང་གྲོང6དང་། སྲིད་འཛིན་གྲོང་ཚོ28། རང་བྱུང་གྲོང་ཚོ8བཅས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད100%ཟིན་ཡོད་ལ། སྲིད་འཛིན་སྡེ་བར་འགྲུལ་སྐྱེལ་རླངས་འཁོར་ཁྱབ་ཚད68%ཟིན་ཡོད་པ་རེད། སྐྱིད་གྲོང་འགག་སྒོའི་རླངས་འཁོར་སྐྱེལ་འདྲེན་ཚད་ཡོད་ཀུང་སིས་རླངས་འཁོར་གྱི་བཟོ་དབྱིབས་གཅིག་གྱུར་དང་གཅིག་གྱུར་གྱི་སྤ་སེའི་རིན་གོང་བསྡོམས་རྩིས་སོགས་གཉེར་སྐྱོང་བྱས་ནས་ལམ་རྒྱུད་ཀྱི་རོང་འབྲོག་མང་ཚོགས་ཁྲི1.12ལ་ཕན་ཁེ་སྐྲུན་པ་རེད།

སྐྱིད་གྲོང་འགག་སྒོའི་སྒོ་མོ་འབྱེད་རྒྱ་ཆེ་རུ་ཕྱིན་པ་དང་བསྟུན་ནས་འགྲོ་འོང་བྱེད་མཁན་ཉིན་རེ་བཞིན་མང་དུ་ཕྱིན་ཡོད། སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོ་ནས་བཟུང་སྐྱིད་གྲོང་འགག་སྒོའི་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི14.9ལ་སླེབས་ཡོད་ལ། དེའི་ཁྲོད་འགྲུལ་པ་མི་ཐེངས་ཁྲི5.5དང་མཐའ་མཚམས་ཡུལ་མི་མི་ཐེངས་ཁྲི9.4ཟིན་ཡོད་པ་རེད། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།