བོད་ལྗོངས་ཀྱིས“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནི“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”ཐེངས་བརྒྱད་པ་ཡིན་ཞིང་། སྤྱི་ཚོགས་ཡོངས་ཀྱི་འགྲིམ་འགྲུལ་ཕྱིར་སྐྱོད་ཀྱི་ཡ་རབས་ཚད་གཞི་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། རང་རྟོགས་ངང་སྒྲིག་ལམ་བཟང་པོ་སྲུང་བ། ལག་གདང་སྦྲེལ་ནས་འགྲིམ་འགྲུལ་ཁོར་ཡུག་གི་གསོན་ཉམས་དོད་པའི་རྣམ་པ་བཅོས་སྐྱོང་བཅས་བྱ་ཆེད། ཚེས1ཉིན་གྱི་ཕྱི་དྲོར། ལྗོངས་སྤྱི་བདེ་ཐིང་གིས“སྒྲིག་ལམ་བསྲུངས་ནས་རྐྱེན་ངན་སེལ་བ་དང་། བདེ་འཇགས་དང་ཡ་རབས་ངང་ཕྱིར་སྐྱོད”བརྗོད་དོན་གཙོ་བོར་བྱས་པའི“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི”དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ལྗོངས་ཕྱི་ནང་གི་འགྲོ་ལམ་འགྲིམ་འགྲུལ་ནང་ཞུགས་མཁན་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐོང་འཐེན་གང་ལེགས་བྱས་ཏེ་སྤྱི་ཚོགས་ཡོངས་ཞུགས་པའི་ཧུར་བརྩོན་རང་བཞིན་འཕེལ་བ་དང་། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི“བདུན་སྤེལ”དྲིལ་བསྒྲགས་གསར་གཏོད་དང་སྐུལ་འདེད། འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཀྱི་ཁྱབ་སྤེལ་བྱེད་ཤུགས་དང་། ཁྲིད་སྟོན་བྱེད་ཤུགས། ཤུགས་རྐྱེན་ཐེབས་ཤུགས། སྤྱི་མོས་ཐོབ་ཚད་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་དམངས་ཡོངས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ལ་དོ་ཁུར་དང་སྤྱི་ཚོགས་ཡོངས་ཀྱིས་ཡ་རབས་འགྲིམ་འགྲུལ་གྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་མཉམ་སྐྲུན་མཉམ་སྤྱོད་བྱ་ཆེད་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།