ལས་གཞི་གཙོ་བོ་ལེགས་འགྲུབ་བྱུང་བའི་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་།
ལས་གཞི་གཙོ་བོ་ལེགས་འགྲུབ་བྱུང་བའི་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་རྒྱ་བསྐྱེད་ལས་གཞིའི་བཟོ་སྐྲུན་འགན་འཁུར་ཕྱོགས་ཀྱིས། ཁྱོན་མ་དངུལ་སྒོར་དུང་ཕྱུར6.6བཏང་བའི་ལས་གཞིའི་གཙོ་བོ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། མིག་སྔར་ཁང་པའི་ནང་གི་མཛེས་བཟོ་དང་གྱང་ངོས་བཟོ་བཀོད་ཀྱི་དུས་མཚམས་སུ་སླེབས་པས། སྔོན་དཔག་བྱས་ན་སྤྱི་ཡོངས་ཀྱི་འཛུགས་སྐྲུན2020ལོའི་ཟླ5བའི་སྔོན་དུ་ལེགས་གྲུབ་འབྱུང་རྒྱུ་རེད་ཅེས་བཤད།
བོད་ལྗོངས་གཞུང་ཕྱོགས་ཀྱིས་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་ནི་བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་བཤམས་སྟོན་ཁང་འབའ་ཞིག་ཡིན་ལ། དེའི་ནང་དུ་རྫ་ཆས་དང་། ཐང་ག སྐུ་འདྲ། བསྟན་བཅོས། ཐམ་ག་སོགས་ལོ་རྒྱུས་རིག་རྫས་ཁྲི52ལྷག་ཙམ་ཉར་ཚགས་བྱས་ཡོད་པར་བསྟན། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་ལས་གཞི་གཙོ་བོའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་།