ཆབ་མདོ་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་སྟེགས་བུའི་ཉོ་ཚོང་བསྡོམས་འབོར་སྒོར་བྱེ་བ་ལས་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་གློག་རྡུལ་ཚོང་དོན་དབུལ་སྐྱོར་ལག་བསྟར་ཤུགས་ཆེན་བྱས་ཏེ་གློག་རྡུལ་ཚོང་དོན་གྲོང་གསེབ་དུ་བསྐྱོད་པ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་བསྐྱོད་པ། དབུལ་ཕོངས་མང་ཚོགས་ལ་རོགས་རམ་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བཅས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་བླངས། 

རྒྱུས་ལོན་བྱུང་བར་གཞིགས་ན། 2015ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དང་སྨར་ཁམས་རྫོང་། དཔལ་འབར་རྫོང་བཅས་ཀྱིས་སྔ་རྗེས་སུ་ཚོང་དོན་པུའུ་དང་ནོར་སྲིད་པུའུ་ཡི་གློག་རྡུལ་ཚོང་དོན་གྲོང་གསེབ་དུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང་རེ་ཞུ་བྱས་པ་རེད། མིག་སྔའི་ཚུན་དུ། གྲོང་ཁྱེར་ཡོངས་སུ་རྫོང་ཁོངས་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས3དང་། O2Oའགྲེམས་ཚོང་ལྟེ་གནས5། རྫོང་ཁོངས་གློག་རྡུལ་ཚོང་དོན་སྡེབ་སྐྱེལ་ལྟེ་གནས3། ཤང་དང་གྲོང་རྡལ་གྱི་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས24། གྲོང་ཚོ་རིམ་པའི་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུའི་ས་ཚིགས116བཅས་བཙུགས་ཡོད་ཅིང་། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་གསོ་སྦྱོང་ཐེངས115སྤེལ་བ་དང་རིམ་རྩིས་བྱས་ན་མི་ཐེངས3609གསོ་སྦྱོང་བྱས་པ་རེད།    གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་བསྡོམས་འབོར་སྒོར་ཁྲི1005.8ཟིན་པ་དང་། རིམ་རྩིས་བྱས་ན་སྡེབ་སྐྱེལ་ཁྲི5ལྷག་ཙམ་ཟིན་ནས་ཞབས་ཞུ་ས་ཚིགས་ཀྱིས་ཚབ་ཉོ་དང་། ཚབ་དངུལ་འཇོག་པ། ཚབ་ལེན། འདྲི་རྩད་སོགས་ཀྱི་ཞབས་ཞུ་ཁྲི་6ལྷག་ཙམ་མཁོ་འདོན་བྱས་ཡོད། གློག་རྡུལ་ཚོང་དོན་སྟེགས་བུ་བརྒྱུད་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་རིགས་ཁག་གི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་རྫས་ཁྲི2ལྷག་ཙམ་ཕྱིར་ཚོང་བྱས་ནས་དབུལ་ཕོངས་མང་ཚོགས900ལྷག་ཙམ་ལ་འབབ་འཕར་ཕྱུག་འགྱུར་བྱེད་རོགས་བྱས་པ་དང་དབུལ་ཕོངས་མི་འབོར86ལ་སྐུལ་ཁྲིད་བྱས་ཏེ་ལས་ཞུགས་ལས་གཏོད་བྱས་པར་བརྟེན་ཆབ་མདོ་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་དབུལ་སྐྱོར་གྱི་སྤུས་ཚད་དང་ཆུ་ཚད་ནུས་ལྡན་སྒོས་མཐོ་རུ་ཕྱིན་ཡོད་པ་རེད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།