བོད་ལྗོངས་ཀྱི་མི་སྤྱིའི་སྤྱི་པའི་ཞབས་ཞུའི་མ་ལག་བཙུགས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོ་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་ཞབས་ཞུའི་དཔེ་དབྱིབས་གསར་པ་སྟེ“སྤྱི་ཚོགས་འགན་སྲུང་གི་ཕྱོགས་བསྡུས་སྒྲོམ་སྟེགས་མི་སྣའི་ལམ་ལུགས”སྤྱད་དེ་ཞབས་ཞུ་སྒྲུབ་ཡུལ་ལ“ཨང་ཀི་གཅིག་གིས་རེ་ཞུ་ཐུབ་པ་དང་། སྐར་ཁུང་གཅིག་ནས་བདག་སྤྲོད་ཐུབ་པ། དྲ་ཚུགས་གཅིག་དང་གཱ་གཅིག་ལ་བརྟེན་ནས་ལས་དོན་སྒྲུབ་གཉེར་བྱེད་པ”བཅས་ཀྱི་སྤྱི་ཚོགས་འགན་སྲུང་སྒྲུབ་གཉེར་ཞབས་ཞུ་མཁོ་འདོན་བྱས་ཏེ་མང་ཚོགས་ཀྱི་འདོད་བློ་དང་འཚམ་པའི་མི་སྤྱིའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ཐད་གོམ་པ་ཆེན་ཞིག་སྤོས་ཏེ་འགན་སྲུང་ནང་ཞུགས་པའི་མི་སྣའི་ཐོབ་ཚོར་དང་བློ་ཡིད་ཚིམ་ཚད་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་རྩིས་ལྟར་ན་2019ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་2019ལོའི་སྤྱི་ཚོགས་ཀྱི་འགན་སྲུང་གྲོན་དངུལ་རིམ་རྩིས་ལྟར་ན་སྒོར་ཁྲི་30175(ཁྲལ་དོན་དང་ལས་ཤོར་འགན་སྲུང་གྲངས་གཞི་ཚུད་མེད)ཡི་ཁུར་པོ་ཡང་དུ་གཏོང་རྒྱུ་རེད། དེའི་ནང་ནས་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་སྲུང་དངུལ་སྒོར་ཁྲི་27403གྱི་ཁུར་པོ་ཡང་དུ་བཏང་ནས་ཚན་པ་5104ལ་ཕན་འདོགས་རྒྱུ་དང་ལས་རྨས་འགན་སྲུང་གི་དངུལ་སྒོར་ཁྲི་2772ཀྱི་ཁུར་པོ་ཡང་དུ་བཏང་ནས་ཚན་པ་4882ལ་ཕན་པ་འདོགས་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།