ལྷ་ཉིང་ལྕགས་ལམ་གྱི་ཡར་ཀླུང་གཙང་བོ་བརྒལ་ཐེངས་གཉིས་པ།

1575256438742851.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12པའི་ཚེས་1ཉིན་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དེ་རོང་ཤང་གི་ཡར་ཀླུང་གཙང་བོའི་ཟམ་ཆེན་བར་སྒྲོམ་བཏིང་ཚར་ཡོད། དེ་ནི་ལྷ་ཉིང་ལྕགས་ལམ་ཡང་བསྐྱར་ཡར་ཀླུང་གཙང་བོ་བརྒལ་བ་དེ་ཡིན་འདུག  

རོང་ཤང་གི་ཡར་ཀླུང་གཙང་བོའི་ཟམ་ཆེན་དེ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རོང་ཤང་གི་ཉེ་འགྲམ་དུ་གནས་པ་དང་རིང་ཚད་ལ་སྨི་4615ཟིན་པ་དང་། དེ་ནི་ཡར་ཀླུང་གཙང་བོ་བརྒལ་བའི་སྒྲའི་སྲུང་ཡོལ་གྱི་ཟམ་ཆེན་དང་པོ་དེ་ཡིན་ལ་ལྷ་ཉིང་ལྕགས་ལམ་ཁྲོད་རིང་ཚད་ཨང་གཉིས་པར་སླེབས་པའི་ཟམ་ཆེན་ཡང་རེད། སྒྲའི་འགོག་ཡོལ་དུ་ཧ་ཡང་བསྲེས་ལྕགས་ཀྱི་འཇིབ་པང་སྤྱད་ཡོད་པ་དང་མཐོ་ཚད་ལ་སྨི་2.4ཡོད། དེ་ཁེབས་པའི་ནུས་ལྡན་ས་ཁོངས་ཀྱི་འཛེར་སྒྲ་ཆ་སྙོམས་ཕིང་པེ30ཡན་ཇེ་ཉུང་དུ་གཏོང་ཐུབ་ལ། ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་མི་རིགས་ཁག་གི་སྤུན་ཟླར་ལྗང་མདོག་གི་སྲུང་ཡོལ་ཞིག་བསྐྲུན་ཡོད་པ་རེད།

ལྷ་ཉིང་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ435.48ཡོད་པ་དང་། ཇུས་འགོད་བྱས་པའི་འགྲོས་ཚད་དུས་ཚོད་རེར་སྤྱི་ལེ160ཡིན། དེ་ནི་བོད་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་པ་དང་ཁྱོན་ཡར་ཀླུང་གཙང་བོ་ཐེངས་16བརྒལ་ཡོད། མེ་འཁོར་ཤར་གཏོང་ཐུབ་རྗེས་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་། དམངས་འཚོ་ལེགས་བསྒྱུར། བོད་ལྗོངས་ཕྱི་ནང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་རྒྱུ་རེད།

2018ལོའི་ཟླ་10པར་ལྕགས་ལམ་དངོས་སུ་བཏིང་བ་ནས་བཟུང་། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་སྒྲོམ་འདིང་རུ་ཁག་གིས་ས་མཐོའི་དབྱང་དཀོན་པ་དང་། དགོང་ཕྱིའི་དྲོད་ཚད་ཧེ་བག་ཆེ་བ། བྱེ་འཚུབ་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་ཉིན་ལྟར་གདུང་མ་6འདིང་བའི་མྱུར་ཚད་ལ་བརྟེན་ནས་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་ཕྱོགས་སུ་སྲིང་ཡོད་པ་དང་། མིག་སྔར་གདུང་མ་1298དང་ལྕགས་ལམ་སྤྱི་ལེ་114བཏིང་བ་དང་སྔོན་དཔག་བྱས་ན་2020ལོའི་ལོ་མཇུག་ཏུ་ལམ་བཏིང་ཚར་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།