བོད་ལྗོངས་ཀྱི་ཆེས་མཛེས་པའི་ཆུ་ཐོག་གཞུང་ལམ།

1.jpg

བོད་ལྗོངས་ཀྱི་ཆེས་མཛེས་པའི་ཆུ་ཐོག་གཞུང་ལམ།

༢.jpg

བོད་ལྗོངས་ཀྱི་ཆེས་མཛེས་པའི་ཆུ་ཐོག་གཞུང་ལམ།

༣.jpg

བོད་ལྗོངས་ཀྱི་ཆེས་མཛེས་པའི་ཆུ་ཐོག་གཞུང་ལམ།

༤.jpg

བོད་ལྗོངས་ཀྱི་ཆེས་མཛེས་པའི་ཆུ་ཐོག་གཞུང་ལམ།

༥.jpg

བོད་ལྗོངས་ཀྱི་ཆེས་མཛེས་པའི་ཆུ་ཐོག་གཞུང་ལམ།

༦.jpg

བོད་ལྗོངས་ཀྱི་ཆེས་མཛེས་པའི་ཆུ་ཐོག་གཞུང་ལམ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   “ཉི་འོད་གྲོང་ཁྱེར”ལྷ་ས་དང“གངས་ལྗོངས་ཀྱི་འབྲུ་ཆུའི་ལྷོ་རྒྱུད”ཞེས་མཚན་སྙན་ལྡན་པའི་ལྷ་ཉིང་གཞུང་ལམ་ནི་ཆ་སྙོམས་ཀྱིས་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི3000ཡི་མཐོ་སྒང་དུ་བསྐྲུན་པ་དང་། དེ་ནི་འཛམ་གླིང་གི་ཡང་རྩེ་ཡི“མཁའ་ལམ”ཞིག་ཀྱང་རེད།

  རླངས་འཁོར་ལ་བསྡད་དེ་ལྷ་ཉིང་རིམ་མཐོའི་གཞུང་ལམ་བརྒྱུད་དུས་མིག་ལམ་དུ་ཤར་བ་ནི། རི་བོ་དང་། ནགས་ཚལ། ཆུ་བོ། བོད་གྲོང་སོགས་ཀྱི་མཐོ་སྒང་གི་ཡིད་དབང་འཕྲོག་པའི་མཛེས་ལྗོངས་རེད།

 མིག་སྔར་བོད་ཀྱི“ཆེས་མཛེས་པའི”རིམ་མཐོའི་གཞུང་ལམ་ཡིན་པའི་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ཉིང་ཁྲི་གྲོང་ཁྱེར་ཁོངས་སུ་གནས་པའི་རྡོ་ཕུག་ཟམ་ཆེན་ལམ་ཐག་ལ་བོད་ལྗོངས་ཀྱི“ཆེས་མཛེས་པའི་ཆུ་ཐོག་གཞུང་ལམ”ཞེས་མཚན་སྙན་ཐོགས་ཡོད་པ་དང་། གཞུང་ལམ་དེ་སྔོ་ཞིང་དྭངས་བའི་ཆུ་ངོས་སུ་འཕྲེད་དུ་བརྒལ་ནས་ཡིད་དུ་འོང་བ་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་རིང་ཚད་ལ་སྤྱི་ལེ 409.2ཡོད་པ་དང་ཁྱོན་མ་དངུལ་དུང་ཕྱུར380བཏང་ནས་ལམ་ཐིག་ཡོངས་སུ་འཁོར་ལམ་བཞིའི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་ཡོད་ལ། དུས་ཚོད་རེའི་མགྱོགས་ཚད་སྤྱི་ལེ80གཏན་ཁེལ་བྱས་པ་མ་ཟད་བརྒྱུད་རིམ་ཧྲིལ་བོར་འགྲོ་གྲོན་མི་བསྡུ་བ་རེད།

  ལམ་ཐིག་ཧྲིལ་བོར་རླངས་འཁོར་ཤར་གཏོང་ཐུབ་རྗེས་ལྷ་ས་ནས་ཉིང་ཁྲི་བར་གྱི་རླངས་འཁོར་གཏོང་བའི་དུས་ཚོད་སྔོན་གྱི་དུས་ཚོད8ནས4རུ་ཇེ་ཉུང་དུ་ཕྱིན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།