གཞིས་རྩེ་གྲོང་ཁྱེར་གྱིས་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི124.3ལེན་རོགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ད་ལོའི་ཚུན་དུ“གླ་ཆ་འགྱངས་ཆད་བྱས་པ་བཅོས་སྒྲིག་བྱས་ནས་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་དམིགས་སར་འབྱོར་བའི”ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་ཆེད། མིག་སྔར་གྲོང་ཁྱེར་དེས་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་ཁག12བདག་སྤྲོད་བྱས་ཏེ། ལས་མི37ལ་འགྱངས་ཆད་གླ་ཆ་སྒོར་ཁྲི124.3ལེན་རོགས་བྱས་པ་དང་། 2019ལོ་ནས་བཟུང་གླ་ཆ་འགྱངས་ཆད་དང་འབྲེལ་བ་ཡོད་པའི་གྱོད་གཞི100ཙམ་ལ་བསྐྱར་ཞིབ་བྱས་པ་དེ་མི་གྲངས3409དང་དངུལ་འབོར་སྒོར་དུང་ཕྱུར1.3ལྷག་ཙམ་ལ་ཁྱབ་ནས་གྱོད་གཞི་ཚང་མ་ཐག་གཅོད་ནུས་ལྡན་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་ཆེད་མངགས་ཐེར་འདོན་གོང་ཞུའི་སྣེ་ལེན་ཁང་བཙུགས་ནས་ཆེད་མི་མངགས་ཏེ་ངལ་རྩོལ་པའི་ཐེར་འདོན་གོང་ཞུ་བདག་སྤྲོད་བྱས་པ་དང་། ངལ་རྩོལ་དབང་ཆ་སྲུང་སྐྱོང་གི་ཐེར་འདོན་གོང་ཞུའི་ཁ་པར་དང“12333”ཞབས་ཞུའི་ཐད་སྦྲེལ་ཁ་པར་ཡོངས་བསྒྲགས་བྱས་པ། གྱོད་དོན་ཐོ་འགོད་ཀྱི་ཆ་རྐྱེན་དང་། ཐག་གཅོད་བརྒྱུད་རིམ། གནད་དོན་ཐག་གཅོད་ཀྱི་སྟོན་ཕྱོགས་བཅས་ཡོངས་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་དོན་དག་བསྒྲུབ་རྒྱུར་སྔར་བས་སྟབས་བདེ་བསྐྲུན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།