ལྷ་སའི་རླངས་འཁོར་དངོས་མང་སྟོན་ཚོགས་སྐབས་དང་པོར་བྲིན་ཚོང་དངུལ་གྲངས་སྒོར་དུང་ཕྱུར1.5ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་ལྷ་སའི་རླངས་འཁོར་དངོས་མང་སྟོན་ཚོགས་སྐབས་དང་པོ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་མཇུག་འགྲིལ་ཞིང་། དུས་ཡུན་ཉིན་གསུམ་གྱི་དངོས་མང་སྟོན་ཚོགས་རིང་མི་ཁྲི་5ལྷག་ཙམ་ཟིན་པ་དང་བྲིན་ཚོང་དངུལ་གྲངས་སྒོར་དུང་ཕྱུར1.5ཟིན་ཡོད།

བོད་ལྗོངས་རླངས་འཁོར་འཁོར་རྒྱུག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལི་ཀྲང་ཝུའེ་ཡིས་ངོ་སྤྲོད་བྱས་དོན། ད་ཐེངས་ཀྱི་རླངས་འཁོར་འགྲེམས་སྟོན་ལ་རླངས་འཁོར་ཚོང་དུད་20ལྷག་ཙམ་ཞུགས་པ་དང་། འགྲེམས་ཞུགས་ལན་པར་རིགས་50ལྷག་ཙམ་དང་རླངས་འཁོར་གྲངས་160ཟིན་པར། གྲོང་མི་འབོར་ཆེན་རླངས་འཁོར་ཉོ་བར་ཡོང་བའི་ཡིད་དབང་བཀུག་ནས། ཉིན་གསུམ་རིང་མི་ཁྲི་5ལྷག་ཙམ་ཟིན་པ་དང་ཟླ་11ཚེས་9ཉིན་མི་ཁྲི་2ལྷག་ཙམ་ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།