ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོཌ་བྱུང་བར། ཕྲན་ཚེགས་ཁེ་ལས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་ཆེད། འདི་ལོ་ནས་བཟུང་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ཉིང་ལག་དངུལ་ཁང་གིས། དངུལ་རྩའི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོཌ་སུ་དང་ཞབས་འདེགས་ཀྱི་ཁོར་ཡུག་ལེགས་སུ་བཏང་སྟེ། ཕྲན་ཚེགས་ཁེ་ལས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་ནས་དངུལ་རྩའི་ཞབས་འདེགས་ཆུ་ཚད་མཐོ་རུ་བཏང་བ་རེད།
དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་ནས་དམངས་གཉེར་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞིས“ཕྲན་ཚེགས་ཁེ་ལས་ཀྱི་མྱུར་བུན”དང “ཁེ་ལས་ཆུང་གྲས་ཀྱི་བཟོ་ཚོང་སྡེ་ལས་དངུལ་བུན”སོགས་དམངས་གཉེར་ཕྲན་ཚེགས་ཁེ་ལས་ལ་ཆེད་དུ་བཟོས་པའི་ཁྱད་ལྡན་གྱི་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་15སྔ་རྗེས་སུ་གསར་གཏོད་དང་བཏོན་ནས་ཕྲན་ཚེགས་ཁེ་ལས་ཀྱི་ཁྱད་ཆོས་ཅན་དང་སྣ་མང་ཅན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་བསྐངས་པ་རེད།
དངུལ་རྩའི་ཞབས་འདེཌ་ཀྱི་སྐར་ཁུང་བཙུགས་ཤིང་། སྲིད་དོན་ཞབས་འདེགས་ལྟེ་གནས་སུ་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩའི་ཞབས་འདེགས་ཆེད་སྒྲོམ་བཙུགས་པ་དང་། དངུལ་རྩའི་སྒྲིག་གཞི་ཁག་གི་འབྲེལ་ཡོད་འགན་ནུས་བསྡུ་སྒྲིལ་བྱས་པ་བརྒྱུད། དམངས་གཉེར་ཕྲན་ཚེཌ་ཁེ་ལས་ལ་དངུལ་རྩའི་བློ་འདྲི་དང་། ལས་སྒོ་སྒྲུབ་གཉེར། ཞུ་གཏུག་ཐག་གཅོད་སོགས་ཀྱི་ཞབས་འདེཌ་ཞུས་ཏེ་དམངས་གཉེར་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩའི་ཞབས་འདེགས་ཀྱི་ཕྱོགས་བསྡུས་ལས་སྟེགས་བཏོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་ཉིང་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་འདེཌ་ཀྱི་འཇོན་ཐང་ཆེ་རུ་བཏང་བ།