བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སྒྲིག་འགན་ཁུར་བའི《མིང་དང་ཆིང་རྒྱལ་རབས་དུས་ཀྱི་བོད་རིགས་ཀྱི་ལོ་རྒྱུས་དཔྱད་ཡིག་རིགས་ཀྱི་དཔེ་ཚོགས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་མི་རིཌ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཀུའུ་ཙུའུ་ཁྲེང་གིས་མཚན་འཛིན་གཙོ་སྒྲིག་པ་དང་། དཔེ་མཛོད་ཁང་གི་ཀོན་ཀྲང་ཞིབ་འཇུག་ཀོན་ཡོན་ཁུང་ཧྥན་ཞིའུ་ཡིས་གཙོ་སྒྲིག་བྱས་པའི《མིང་དང་ཆིང་རྒྱལ་རབས་དུས་ཀྱི་བོད་རིཌ་ཀྱི་ལོ་རྒྱུས་དཔྱད་ཡིག་རིཌ་ཀྱི་དཔེ་ཚོགས》དེ་ཀྲུང་ཧྲན་སློབ་ཆེན་དཔེ་སྐྲུན་ཁང་གིས་ཡོངས་བསྒྲགས་ཐོག་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

དཔེ་ཚོགས་དེ་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཚན་པ་མང་པོས་མཉམ་དུ་འབད་བརྩོན་དང་གཞོགས་འདེགས་ཤུགས་ཆེན་བྱས་ནས་ཐོབ་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་ལ་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རོགས་སྐྱོར་རྣམ་གྲངས་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་གཙོ་གནད་དཔེ་དེབ་དཔེ་སྐྲུན་གྱི་འཆར་འགོད་རྣམ་གྲངས། “དཔེ་དེབ་ལེགས་གྲས་བརྒྱ”ཡི་རྒྱབ་སྐྱོར་རྣམ་གྲངས་བཅས་ཀྱིས་རོགས་དངུལ་བཏང་ནས་དཔེ་སྐྲུན་བྱས་པའི་དཔེ་དེབ་རྩེ་གྲ་ཞིག་ཡིན་པ་རེད།

《མིང་དང་ཆིང་རྒྱལ་རབས་དུས་ཀྱི་བོད་རིགས་ཀྱི་ལོ་རྒྱུས་དཔྱད་ཡིག་རིགས་ཀྱི་དཔེ་ཚོགས》ནང《མིང་རྒྱལ་རབས་དུས་ཀྱི་བོད་རིགས་ཀྱི་ལོ་རྒྱུས་འཁོད་པའི་དཔྱད་ཡིག་ཕྱོགས་བསྒྲིགས》དང《ཆིང་རྒྱལ་རབས་དུས་ཀྱི་བོད་རིགས་ཀྱི་ལོ་རྒྱུས་འཁོད་པའི་དཔྱད་ཡིག་ཕྱོགས་བསྒྲིགས》ཁག་གཉིས་ཚུད་ཅིང་། ཁྱོན་ལེའུ་བཅུ་གཅིག་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།