སྟོན་དུས་ཀྱི་ཉི་མ་ལྷ་ས།

 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྫོང་རྒྱབ་ཀླུ་ཁང་ནི་ལྷ་ས་གྲོང་ཁྱེར་གྱི་ལྟེ་གནས་སུ་གནས་པ་དང་ཕོ་བྲང་པོ་ཏ་ལའི་འདབས་སུ་གནས་པའི་སྒོ་དབྱེའི་རྣམ་པའི་སྤྱི་གླིང་ཞིག་རེད། སྤྱི་གླིང་ནང་མི་བཟོས་མཚེའུ་དང་། ལྗོན་ཤིང་སྣ་ཚོགས། འདབ་ཆགས་བཅས་ཡོད་པས་ཁོར་ཡུག་ཧ་ཅང་འཚམ་པོ་ཡོད་པས་ལྷ་སའི་གྲོང་མིས་ཉིན་ལྟར་ཞོགས་སྦྱོང་དང་སྤྲོ་གསེང་བྱེད་ས་ཞིག་ཏུ་གྱུར་ཡོད། སྟོན་དུས་ཀྱི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་པ་སྟེ། གནམ་སྔོན་པོ་དང་། དྭངས་ཤིང་གཙང་བའི་ཆུ་བོ། རྒྱང་རིང་གི་གངས་རི་བཅས་ཕན་ཚུན་འོད་མདངས་བཀྲ་བ་དང་། རི་མོ་བ་ཚོའི་ལག་ནང་གི་ཚོན་གཞོང་ལྟ་བུར་སྣང་བས་ལྟ་ན་སྡུག་པ་ཞིག་འདུག

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།