ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་ཉེན་དོན་བཀོལ་སྤྱོད་རླངས་འཁོར་བཀོད་སྒྲིག་བྱེད་པའི་མཛད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་གཞི་རིམ་ཉེན་རྟོག་ལས་དོན་ལ་སྔར་བས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། གཞི་རིམ་ལས་ཁུངས་ཀྱི་ཉེན་རྟོག་ལས་དོན་གྱི་བླང་བྱའི་འདོད་བློ་སྐོང་བ། གཞི་རིམ་ལས་ཁུངས་གྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྐོར་ཞིབ་ལ་ཚོད་འཛིན་གཏིང་ཟབ། མྱུར་སྐྱོབ་དང་ཉེས་ཅན་ལ་རྡུང་རྡེག་གཏོང་བ་བཅས་ཀྱི་ལས་ཀའི་ནུས་པ་དང་ཆུ་ཚད་གཏིང་ཟབ་དུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་འདམ་གཞུང་རྫོང་གིས་ཉེན་དོན་རླངས་འཁོར་བགོ་སྤྲོད་ཀྱི་མཛད་སྒོ་འཚོགས་པ་རེད།

2019ལོ་ནས་བཟུང་འདམ་གཞུང་རྫོང་གི་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས། རང་འགན་གཙང་སྒྲུབ་ཀྱིས་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་འདམ་གཞུང་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་ཁག་ཐེག་ནུས་ལྡན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འདམ་གཞུང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཆེད་དངུལ་སྒོར་ཁྲི300བཏང་ནས། རྫོང་སྤྱི་བདེ་ཅུའུ་དང་གཞི་རིམ་ལས་ཁུངས་ལ་ཉེན་དོན་བཀོལ་སྤྱོད་རླངས་འཁོར18ཉོས་ཏེ་རྫོང་གི་མངགས་གཏོང་ཁང་སོ་སོ་དང་། དམག་ཁུལ། དགོན་སྡེ་བཅས་སོ་སོར་བཀོད་སྒྲིག་བྱས་པ་རེད།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།