གཞིས་རྩེའི་ས་སྐྱ་རྫོང་གིས་ཞིང་འབྲོག་པ་ཏང་ཡོན་གྱི་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ལྷོད་མེད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་འགོ་ཚུགས་ཚུན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གིས་རིམ་དབྱེ་ཁག་བགོས་འབུར་དུ་ཐོན་པར་བྱས་ཤིང་། སློབ་གསོ་གསོ་སྦྱོང་ལ་དམ་འཛིན་དང་སློབ་སྦྱོང་སྣེ་ཁྲིད་ལ་དམ་འཛིན། ལྟ་སྐུལ་མཛུབ་ཁྲིད་ལ་དམ་འཛིན་བཅས་ཀྱི་བྱེད་ཐབས་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་པ་ཏང་ཡོན་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་པ་རེད།

སློབ་གསོའི་གསོ་སྦྱོང་ལ་དམ་འཛིན་བྱས་ནས་བྱང་ཚད་མཐོ་རུ་གཏོང་བར་གཞོལ་ཞིང་། ས་སྐྱ་རྫོང་གིས་སློབ་གསོ་གསོ་སྦྱོང་ལས་དོན་ལ་དམ་འཛིན་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་སྒོའི་རྐང་འཛིན་པར་གསོ་སྦྱོང་བྱས་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཅས་མི་300ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད།

སློབ་སྦྱོང་སྣེ་ཁྲིད་ལ་དམ་འཛིན་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གཞོལ་ཞིང་། ཞིང་འབྲོག་པ་ཏང་ཡོན་གྱི་རིག་གནས་ཆུ་ཚད་ལ་ཧེ་བག་ཡོད་པར་དམིགས་ཏེ་ཞིང་འབྲོག་པ་ཏང་ཡོན་སྒྲིག་འཛུགས་བྱས་ནས《གཞིས་རྩེ་གྲོང་ཁྱེར་གྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་ཞིང་འབྲོག་པ་ཏང་ཡོན་གྱིས་ཤེས་དགོས་ངེས་ཀྱི་དྲི་བ་བརྒྱ》དང《བོད་ལྗོངས་ཉིན་རེའི་ཚགས་པར》ཐོག་སྤེལ་བའི་དཔྱད་གཏམ་མཁན་གྱི་རྩོམ་ཡིག་15སློབ་སྦྱོང་བྱས་པ་རེད། མིག་སྔར་རྫོང་རིམ་པས་འཆད་འཁྲིད་ཚོཌ་པ་དང་སྒྲོག་འགྲེལ་ཚོགས་པ་2བཙུགས་ནས་སྒྲོག་འགྲེལ་ཐེངས་26བྱས་པ་དང་། གྲོང་ཚོ་ཁག་གིས་ཞིང་འབྲོག་པ་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་ཐེངས་300ལྷག་ཙམ་བྱས་པ། གྲོང་སྡོད་ལས་དོན་རུ་ཁག་གིས་ཆེད་དོན་ཏང་གི་སློབ་ཚན་ཐེངས་57ཁྲིད་པ། སྤྱོད་གཙང་ཉེན་གཏོང་གི་སློབ་གསོ་ཐེངས་107བཏང་བ། དང་བླངས་པའི་ཞབས་ཞུ་ཐེངས་300ལྷག་ཙམ་སྤེལ་བ་བཅས་རེད།

ལྟ་སྐུལ་མཛུབ་ཁྲིད་ལ་དམ་འཛིན་བྱས་ནས་ཕན་འབྲས་ཐོན་རྒྱུར་གཞོལ་ཞིང་། མིག་སྔར་མཛུབ་ཁྲིད་བརྟག་དཔྱད་ཐེངས་64བྱས་ནས་ས་གནས་ས་ཐོག་ཏུ་གནད་དོན་24ཐག་གཅོད་བྱེད་རོགས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།