ནག་ཆུ་གྲོང་ཁྱེར་གྱིས་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་ཚོགས་ཆུང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྤྱི་འདོམས་བཀོད་སྒྲིག་འོག ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་ལས་དོན་ཁག་ཧུར་ཐག་སྤེལ་བར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད།

ནག་ཆུ་གྲོང་ཁྱེར་གྱིས་ཨ་མདོ་རྫོང་དར་མདུད་ཤང་དང་། དཔལ་མགོན་རྫོང་ཉི་མ་ཤང་། ལྷ་རི་རྫོང་རྫ་འབི་ཤང་དང་། མཚོ་སྟོད་ཤང་། གླིང་མཐིལ་ཤང་། གསེར་རྙེད་ཆུས་སོགས་ཤང་དང་གྲོང་རྡལ9གྲོང་ཁྱེར་དེའི་ལྟེ་བའི་ཁུལ་དུ་གནས་པ་དང་། རྒྱལ་ལམ109ལམ་རྒྱུད་དང་མཚོ་བོད་ལྕགས་ལམ་དང་ཐག་ཉེ་བ། རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་ཆ་ཚང་བ། ས་བབ་བལྟོས་བཅས་ཀྱིས་དམའ་བ། འཕྲེད་ཐིག་གི་ལྷོ་ངོས་སུ་གནས་པ། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ། འབྲོག་ལས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་པ་སོགས་ལ་དམིགས་ནས། གྲོང་ཁྱེར་དེའི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོས་བྱ་ཡུལ་ལ་བདམས་མེད། དེ་དང་དུས་མཚུངས་རང་སྐྱོང་ལྗོངས་ཀྱིས་ནག་ཆུ་གྲོང་ཁྱེར་ལ་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོས་དུད་ཚང20872ཀྱི་མི85945ཡི་དམིགས་ཚད་ལས་འགན་བཀོད་སྒྲིག་བྱས་པར་བརྟེན། གྲོང་ཁྱེར་དེས་མཚོ་གཉིས་རྫོང་གི་མཚོ་སྦྲེལ་མ་དང་། ཞི་བདེ། བར་གླིང་བཅས་ཤང་གསུམ་གནས་སྤོས་བྱ་ཡུལ་དུ་གཏན་འཁེལ་བྱས་པ་རེད། ལེགས་སྒྲིག་བྱས་རྗེས་ཀྱི་ཐོག་མའི་གྲངས་གཞིའི་ནང་རྫོང་7དང་། ཤང་དང་གྲོང་རྡལ45 སྲིད་འཛིན་གྲོང་ཚོ274 དུད་ཚང20877གྱི་མི85350ཚུད་ཡོད།

མིག་སྔར2019ལོ་ནས2021ལོ་བར་ནག་ཆུ་གྲོང་ཁྱེར་ནས་ལྷོ་ཁ་གྲོང་ཁྱེར་གྱི་སྲིན་བུ་རི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པའི་གནས་ཚུལ་བསྡོམས་རྩིས་རགས་ཙམ་བྱས་ན། རྫོང་གསུམ(མཚོ་གཉིས་དང་། ཨ་མདོ། ཉི་མ་བཅས་རྫོང་གསུམ)དང་། ཤང་དང་གྲོང་རྡལ16 སྲིད་འཛིན་གྲོང་ཚོ71 དུད་ཚང7128ཀྱི་མི29938བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།