གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱད་དེ་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་པ།

—— ཉིང་ཁྲི་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་མའི་བསམ་འདུན་གྱི་རྨང་གཞི་ཚད་གཞི་མཐོ་པོས་བརྟན་དུ་བཏང་བ།    

“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ཉིང་ཁྲི་གྲོང་ཨུད་ཀྱིས་ཉིང་ཁྲིར་གསར་བརྗེའི་ལོ་རྒྱུས་ཀྱི་ལེགས་ཆ་གཏིང་ཟབ་ལྡན་པར་གཞིས་ཚུགས་པ་དང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། ལག་ལེན་གྱི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ཞུན་བརྡར་དང་ལེན་དང་བྱ་སྤྱོད་ཀྱི་རང་རྟོགས་ཤུགས་ཆེར་བཏང་བ་རེད།

གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱས་པ།

གསར་བརྗེའི་རིག་གནས་དར་སྤེལ་དང་གསར་བརྗེའི་རྗེས་ཤུལ་འཚོལ་ཞིབ་བརྗོད་དོན་གཙོ་བོར་བྱས་ཏེ། ཉིང་ཁྲི་གྲོང་ཨུད་ཀྱིས་གསར་བརྗེའི་རིག་གནས་ཀྱི་བར་ཁྱམས་ཞིབ་ཚགས་བཏོད་པ་དང་། གསར་བརྗེ་རྒྱུན་འཛིན་གྱི་དུས་རབས་ཀྱི་དུང་སྒྲ་དྲག་པོ་གྲགས་ནས་གྲོང་ཁྱེར་དང་ཆུས་སུ“གུང་ཁྲན་ཏང་ཡོན་གྱི་ཁྱིམ་ཡིག་དང་ཁྱིམ་གྱི་བསླབ་བྱའི་རིག་གནས་ཁྲོམ་གཞུང་གཅིག”བཏོད་དེ། ཡིག་རིགས་དང་པར་རིས་འབོར་ཆེན་བརྒྱུད། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་རྒན་རབས་པ་ཚོ་དང་བོད་དུ་གཞིས་ཚུགས་པ་དང་། བོད་ལ་ལེགས་སྐྱེས་འབུལ་བ། བོད་འཛུགས་སྐྲུན་བྱེད་པ་བཅས་ཀྱི་དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་གྱི་ཁྱིམ་ཡིག་དང་ཁྱིམ་གྱི་བསླབ་བྱ་གཅིག་སྡུད་མངོན་པར་བྱས་ནས། ཁྱིམ་སྲོལ་བཟང་པོ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་མཉམ་གནས་ཀྱིས་ཏང་སྲོལ་སྲིད་སྲོལ་གཞུང་དྲང་དང་སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་བབ་ཆགས་པ་ལ་སྐུལ་འདེད་བཏང་ཡོད་པ་རེད།

གསར་བརྗེའི་སློབ་གསོ་གཉེར་བ་དང་གསར་བརྗེའི་གཏམ་རྒྱུད་ཡག་པོ་བརྗོད་པ།

ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དཔེ་སྟོན་བྱས་ཏེ“གུང་ཁྲན་ཏང་གི་བཀའ་དྲིན་ཚོར་བ་དང་དུས་རབས་གསར་པར་འབད་འབུངས་བྱེད་པའི”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་འགྲེམས་དང་། “རླབས་ཆེན་འགོ་འཛུགས་སའི”ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ལོ་རྒྱུས་ཀྱི་པར་རིས་འགྲེམས་སྟོན། བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་སྲོལ་སྲིད་གཙང་གི་ཉེན་གཏོང་སློབ་གསོའི་འགྲེམས་སྟོན། “ཉིང་ཁྲིའི་ལོ་ཟླའི”གྲུབ་འབྲས་པར་རིས་འགྲེམས་སྟོན་བཅས་ལ་གཅིག་སྡུད་ལྟ་སྐོར་བྱས་པ་དང་། ཏང་ཞུགས་དམ་བཅའ་བསྐྱར་འཇོག ཆབ་སྲིད་ཀྱི་ཁས་ལེན་བཅས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་སྲུང་བ། འབད་འབུངས་ཡར་བརྩོན་བཅས་བྱེད་པར་དཔེ་སྟོན་སྣེ་ཁྲིད་བྱས་པ་རེད།

གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་དང་། གསར་བརྗེའི་རླུང་འཕྲིན། སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན། ཉིང་ཁྲིའི་ཚགས་པར། སྐད་འཕྲིན་སྤྱི་རྟགས་སོགས་སྨྱར་སྦྱོར་བརྒྱུད། ཉིང་ཁྲི་གྲོང་ཨུད་ཀྱིས་དྲ་ཐོག་སློབ་སྦྱོང་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་སྤེལ་བ་དང་ཆབས་ཅིག དམག་སྡེ་བཅོ་བརྒྱད་པའི་དཔུང་སྐྱོད་ལམ་བུར་སླར་ཡང་སྐྱོད་པ་དང་། གསར་བརྗེའི་གླུ་གཞས་སྐད་གསངས་མཐོན་པོས་ལེན་པ། གསར་བརྗེའི་གློག་བརྙན་ལྟ་བ་སོགས་ཏང་གཤིས་སློབ་གསོའི་ལག་ལེན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། དྲ་ཐོག་དང་དྲ་ཕྱི་གཉིས་ཀ་ནས་དུས་གཅིག་ཏུ་སློབ་སྦྱོང་རྒྱུན་མི་ཆད་པ་བྱས་པ་རེད།

གསར་བརྗེའི་མཁར་རྫོང་བརྟན་པོ་བསྐྲུན་པ་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་བ།

ཉིང་ཁྲི་གྲོང་ཨུད་ཀྱིས་མཐའ་མཚམས་ས་ཁུལ་གྱི་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་ལས་ཀའི་དམིགས་ཚད་ལ་གཞིགས་ནས། གྲོང་མིའི་ཚོགས་ཆུང་དང་། གྲོང་སྡོད་ས་ཚིགས། ཐོན་ལས་འཁོར་སྦྲེལ། གཉེར་སྐྱོང་གི་ཐོན་སྐྱེད་འཐབ་ས་དང་པོ། མཐའ་མཚམས་སྲུང་སྐྱོང་རུ་ཁག་བཅས་སུ་ཏང་ཀྲི་པུའུ་བཙུགས་ཏེ་མཐའ་མཚམས་ཀྱི་ཕྱུགས་འཚོ་ས་དང་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ“སྦྲ་གུར་ཏང་ཀྲི་པུའུ”འཛུགས་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྟོང་ཆ་དང་ཁུག་ཀྱོག་མ་ལུས་པ་དང་། མཐའ་མཚམས་མི་སེར་གྱི་སྣེ་ཁྲིད་དེ་མཐའ་མཚམས་སུ་རྨོ་འདེབས་དང་། མཐའ་མཚམས་སུ་ཕྱུགས་རིགས་འཚོ་བ། མཐའ་མཚམས་སུ་སྔོག་འཐུ་བྱེད་པ། མཐའ་མཚམས་སུ་ལས་དོན་སྤེལ་བ་བཅས་བྱས་ཏེ་མཐའ་མཚམས་གང་དུ་ཡོད་རུང་དེ་གར་ཐོན་སྐྱེད་དང་འཚོ་བ་ཡོད་པ་དང་དེ་གར་ཏང་གི་རྩ་འཛུགས་ཡོད་པ་དང་ལས་དོན་སྤེལ་ཐུབ་པ་བྱས་པ་རེད།

གསར་བརྗེའི་གཡུལ་ས་བརྟན་པོ་གཏོད་ཆེད། ཉིང་ཁྲི་གྲོང་ཨུད་ཀྱིས་ད་དུང་ནུས་ཤུགས་ཡོད་རྒུས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་498བསྐྲུན་པ་དང་གྲོང་ཚོ་རིམ་པའི་གཡུལ་སའི་ཆབ་སྲིད་ཀྱི་ནུས་པ་དང་། ཞབས་འདེགས་ཀྱི་ནུས་པ། སློབ་གསོའི་ནུས་པ་བཅས་ཤུགས་ཆེར་བཏང་སྟེ་གྲོང་ཚོར(གྲོང་ལྷན)“གཅིག་འཐུས་རྣམ་པའི”དམངས་ཕན་ཞབས་ཞུའི་ལས་སྟེགས་བཏོད་དེ་རྒྱུན་གཏན་རང་བཞིན་གྱི་ཆབ་སྲིད་སྒྲོག་འགྲེལབྱས་ནས། བོད་གསར་རྙིང་བསྡུར་བའི་སློབ་གསོ་སྤེལ་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སློབ་གསོ་སྤེལ་བ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་སྤེལ་བ་སོགས་མང་ཚོགས་ཀྱིས་མཐོང་འདོད་ལ་ཉན་སྤྲོ་བའི་བྱེད་སྒོ་སྤེལ་ནས་ཞིང་འབྲོག་ཁུལ་གྱི་རྒྱ་ཆེའི་མང་ཚོགས་བྱེད་སྒོ་སྤེལ་ཡུལ་གྱི་ཉེ་འཁོར་དུ་གཅིག་སྡུད་བྱས་ཏེ། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་དང་། མང་ཚོགས་ལ་དྲིལ་བསྒྲགས་དང་སྐུལ་སློང་། གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ཀྱི་གཡུལ་ས་གཙོ་བོར་གྱུར་པར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།