རང་རྒྱལ་གྱི་ས་བབ་མཐོ་ཤོས་ཡིན་པའི་ཤང་གི་མང་ཚོགས་ཚང་མ་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ།

138509004_15722316747811n.jpg

འདི་ནི་ཟླ10ཚེས23ཉིན་ཕུ་མ་བྱང་ཐང་ཤང་ན་མོ་ཆེ་གྲོང་ཚོའི་གྲོང་མི་ཚོས་ཁང་པ་གསར་པའི་མདུན་དུ་རྟེན་འབྲེལ་མཛད་སྒོ་འཚོག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། བོད་རང་སྐྱོང་ལྗོངས་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ན་མོ་ཆེ་གྲོང་ཚོའི་དུད་ཚང29དང་གྲོང་མི127དགའ་དགའ་སྤྲོ་སྤྲོའི་ངང་ཁང་པ་གསར་པའི་ནང་སྤོས་པ་དེ་ཐོག་ནས་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཡིན་པའི་སྲིད་འཛིན་གྲོང་ཚོ་ཕུ་མ་བྱང་ཐང་ཤང་གི་མིག་སྔའི་དུད་ཚང227དང་མང་ཚོགས1042ཚང་མ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་སྤོས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་མཚོན་གྱི་ཡོད། ཆ་སྙོམས་ས་བབ་མཐོ་ཚད་སྨི5373ཡོད་པའི་ཕུ་མ་བྱང་ཐང་ཤང་གྱི་མཁའ་རླུང་ནང་དབྱང་རླུང་འདུས་ཚད་མཚོ་ངོས་ཀྱི40%ཡང་ཟིན་གྱི་མེད་ལ་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་མན་ཡིན་པ་རེད།

2017ལོ་ནས་བཟུང་སྣ་དཀར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་ནང་ཕུ་མ་བྱང་ཐང་ཤང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འདུ་འགོད་དེ་ཁྱོན་སྲིད་འཛིན་གྲོང་ཚོ6དང་འབྲེལ་བ་ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར1.5351ཙམ་བཞག་ཡོད།

138509004_15722317126511n.jpg

འདི་ནི་ཚེས23ཉིན་པར་དུ་བླངས་པའི་ཕུ་མ་བྱང་ཐང་ཤང་ན་མོ་ཆེ་གྲོང་ཚོའི་ཁང་པ་གསར་པ་ཡིན་པ།

སྔོན་ཆད་ཀྱི་ས་རྡོའི་ཁང་པ་དང་བསྡུར་ཚེ་ད་ཆའི་ཨར་འདམ་ཁང་པ་གསར་པ་དེ་དག་དེ་བས་བརྟན་པ་དང་། དྲོ་བ། རྒྱ་ཆེ་ལ་དཀར་ཆ་དོད་པ་བཅས་ཡོད་པ་མ་ཟད། འབྱོར་འབྲིང་གྲོང་ཚོའི་བཀོད་པའི་ཚད་དང་ལྡན་པ་དང་། ཨར་འདམ་ལམ་རྒྱ་ཆེ་བ། དུད་ཚང་ཚང་མར་རང་ཉིད་ཀྱི་སྒོ་ར་དང་གསང་སྤྱོད་ཡོད་པ་རེད། ན་མོ་ཆེ་གྲོང་ཚོ་ས་བབ་ཅུང་དམའ་རྐྱེན་དུད་ཚང་ཚང་མར་ཆུ་ཀ་ལ་ཡོད་པ་དང་། དེ་མིན་ས་བབ་ཅུང་མཐོ་བའི་སྲིད་འཛིན་གྲོང་ཚོ་ཚང་མའི་ནང་གཅིག་སྡུད་འཐུང་ཆུའི་ས་ཚིགས་གསུམ་ནས་བཞི་བར་ཡོད།

ཤང་ཀྲང་ཧུ་ཧྥུང་པའོ་ཡིས་ད་ཆ་ཤང་ཡོངས་ཀྱི་མི་སེར་ཚང་མ་ཁང་པ་གསར་པའི་ནང་སྤོས་ཏེ་མང་ཚོགས་ཀྱི་སྡོད་ཁང་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཡོད་པས་མི་སེར་ཚོ་བློ་བདེ་པོའི་ངང་སྡོད་རྒྱུ་བྱུང་ཚེ་གཞི་ནས་དེ་བས་ལེགས་པའི་སྒོ་ནས་ས་སྲུང་མཐའ་བརྟན་བྱེད་ཐུབ་ཅེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།