བོད་ལྗོངས་ཀྱི་མཐོ་སློབ་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤུས་ཚད་མཐོ་པོའི་སྒོ་ནས་སྐུལ་འདེད་གཏོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་བྱེད་སྒོ་སྤེལ་ཚུན། བོད་ལྗོངས་ཀྱི་མཐོ་སློབ7གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལ་གང་མགྱོགས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་རང་རྟོགས་ངང་མཐོ་རུ་གཏོང་བ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། མིག་སྔར་མཐོ་སློབ་ཁག་གིས་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག ཞིབ་ལྟའི་གནད་དོན། དག་ཐེར་དོན་འཁྱོལ་བཅས་གཙོ་གནད་བྱེད་ཐབས་བཞི་བརྟན་པོའི་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ཤིང་། མཐོ་སློབ་ཁག་གི་ཏང་ཨུད་ཀྱིས“ཏང་དང་རྒྱལ་ཁབ་ཆེད་དུ་མི་གསོ་སྐྱོང”གི་ཐོག་མའི་འགན་འཁྲི་དང“ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང”གི་རྩ་བའི་ལས་འགན་ལ་གཞི་ཚུགས་པ་དང་། “མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱེད་དགོས་པ་དང་། ཇི་ལྟར་བྱས་ནས་མི་སྣ་གསོ་སྐྱོང་བྱེད་དགོས་པ། སུའི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་དགོས་པའི”རྩ་བའི་གནད་དོན་དང་“མི་སེམས་གཅིག་འགྲིལ་དང་། མི་གཤིས་ལེགས་གཏོང་། མི་ཤུགས་གསར་སྤེལ། ཤེས་ལྡན་པ་གསོ་སྐྱོང་། མི་དམངས་ལ་བདེ་སྐྱིད་སྐྲུན་པ”བཅས་ཀྱི་སློབ་གསོའི་ལས་དོན་གྱི་དམིགས་ཚད་ལ་དམིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། མཐོ་སློབ་ཏང་ཨུད་ཀྱི་འགོ་ཁྲིད་འོག་གི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ། མི་སྣ་ཡོངས་དང་། བརྒྱུད་རིམ་ཡོངས། ཕྱོགས་ཡོངས་བཅས་ཀྱི་མི་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་། ཁྱད་ལྡན་ལེགས་ལྡན་གྱི་རིག་གཞུང་ཚན་ཁག་འཛུགས་སྐྱོང་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་ཆབ་སྲིད་ཀྱི་ཀུན་སྤྱོད་ཞུན་བརྡར་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བར་སློབ་གསོ་ཁྲིད་སྟོན། སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་ལ་བརྟེན་ནས་དུས་རབས་གསར་པའི་བོད་ཀྱི་སློབ་གསོའི་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།

ཟུང་འབྲེལ་གྱི་ལེའུ་ཡག་པོ་བརྩམས་ཤིང་། མཐོ་སློབ་ཁག་གི་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ནས། རང་ངོས་ཀྱི་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ་དང་། ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་བ། བརྗོད་དོན་གཙོ་བོའི་སློབ་གསོ་དང་ལས་དོན་ཁག་ཟུང་འབྲེལ་དམ་ཟབ་བྱས་ཏེ། བསམ་བློ་ཆབ་སྲིད་འཛུགས་སྐྱོང་མངོན་གསལ་དོད་པོ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་ཤུགས་ཆེར་བཏང་བ་སོགས་བརྒྱུད། རྒྱ་ཆེའི་དགེ་སློབ་ཚོའི“མོས་སེམས་ལྔ”དང་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ནུས་ཤུགས་ཡོད་རྒུས་ཟབ་ཏུ་བཏང་ཡོད། བོད་ལྗོངས་སློབ་ཆེན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་ཟུང་འབྲེལ་དང་། པུའུ་དང་ཁུལ་མཉམ་སྐྲུན་དང་། རིགས་གཞུང་ཚན་ཁག་རྩེར་སོན་འཛུགས་སྐྱོང་། དངོས་གཞིའི་ཚན་ཁག་རྩེར་སོན་དང་ཆེད་ལས་རྩེར་སོན་འཛུགས་སྐྱོང་། སློབ་གསོའི་གྲོང་གི་སློབ་ཁུལ་འཛུགས་སྐྱོང་བཅས་དང་ཟུང་འབྲེལ་ལ་སྐུལ་འདེད་བཏང་ནས་བརྗོད་དོན་གཙོ་བའི་སློབ་གསོའི་དམིགས་སའི་རང་བཞིན་ཆེ་རུ་བཏང་ཡོད། བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་སྦྱོང་ཚན་ཁག་སློབ་གྲྭས་བརྗོད་དོན་གཙོ་བའི་སློབ་གསོར་སྐུལ་འདེད་གཏོང་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་འཛིན་གཞུང་དྲང་། སྒྲིག་ཁྲིམས་ནན་པོ”བཅས་ཀྱི་སྤྱིའི་བླང་བྱ་དང“ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་ཤུགས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་དར་རྒྱས་གཏོང་བ། ཉེན་རྟོག་པ་ནན་པོས་སྐྱོང་བ”བཅས་ཀྱི་སྤྱིའི་བྱེད་ཕྱོགས་དང་ཟུང་འབྲེལ་བྱས་ནས་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བོད་ཀྱི་སྤྱི་བདེའི་སློབ་གསོའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

རྩ་འཛུགས་ཀྱི་འགོ་ཁྲིད་ཤུགས་ཆེར་བཏང་ཞིང་། ལྗོངས་ཏང་ཨུད་ཀྱི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་8པས་ལག་བསྟར་ཇུས་གཞིར་ཞིབ་བཤེར་མཛུབ་ཁྲིད་དང་། སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ། བཞུགས་མོལ་ཚོགས་འདུ་འཚོགས་ནས་ཞིབ་བསྡུར་དབྱེ་ཞིབ་སོགས་ཀྱི་བྱེད་སྟངས་བརྒྱུད། མཐོ་སློབ་ཁག་གི་བརྗོད་དོན་གཙོ་བའི་སློབ་གསོར་སྐུལ་འདེད་མཛུབ་ཁྲིད་བྱས་ཡོད། མཐོ་སློབ་ཁག་གིས་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཙུའུ་ཀྲང་བྱས་པའི་བརྗོད་དོན་གཙོ་བའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་མ་ཟད། གཞུང་ལས་ཁང་དང་ལས་ཀའི་ཆེད་མངགས་འཛིན་གྲྭ་ཡང་བཙུགས་ཏེ་བརྗོད་དོན་གཙོ་བའི་སློབ་གསོའི་སྒྲིག་འཛུགས་ལག་བསྟར་ལ་དམ་འཛིན་ཡག་པོ་བྱས་ཤིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སློབ་གྲྭའི་ཏང་ཨུད་དང་། སློབ་གླིང་ཚན་ཁག་གི་ཏང་ཨུད། ཁོངས་གཏོགས་སློབ་འབྲིང་། གཞི་རིམ་ཏང་རྩ་འཛུགས་34 ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་རྩ་འཛུགས་བཅས་ལ་བླང་བྱ་བཏོན་ཏེ་བརྗོད་དོན་གཙོ་བའི་སློབ་གསོར་རིམ་པ་དབྱེ་བ་དང་རིགས་ཕྱེ་ནས་སྐུལ་འདེད་བཏང་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་སློབ་གླིང་གི་ཚན་ཁག་ཏང་ཨུད་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་བརྗོད་དོན་གཙོ་བའི་སློབ་གསོར་སྐུལ་འདེད་དང་། ཞིབ་བཤེར། མཛུབ་ཁྲིད་བཅས་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།