བོད་ལྗོངས་སུ་དབུལ་སྐྱོར་གྱི་དུས་འབྲིང་མ་དངུལ་སྒོར་དུང་ཕྱུར15དོན་འཁྱོལ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར།  ཕུའུ་ཧྥ་དངུལ་ཁང་གིས་རང་ཚུགས་ངང་ཕྱིར་ཚོང་གཙོ་འགན་འཁུར་བའི་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སིའི2019ལོའི་དུས་ཐེངས་དང་པོའི་དུས་འབྲིང་མ་དངུལ(དབུལ་སྐྱོར་མ་དངུལ)གྲུབ་འབྲས་ཐོན་པའི་ངང་དོན་འཁྱོལ་བྱས་པ་དེ་ནི་ཕུའུ་ཧྥ་དངུལ་ཁང་གིས2018ལོར་རང་ཚུགས་ངང་བོད་དུ་དབུལ་སྐྱོར་གྱི་དུས་འབྲིང་མ་དངུལ་ཁག་དང་པོའི་གཙོ་འགན་འཁུར་ཚུན་སླར་ཡང“དངུལ་རྩའི་རིག་ལྡན་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་ལ་སྐུལ་འདེད་གཏོང་བའི”ལག་ལེན་གྱི་གྲུབ་འབྲས་ཤིག་རེད།

རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་ཡིན་པའི་བོད་ཀྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི2020ལོའི་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པའི་མཇུག་བསྡུའི་ལོའི་ལས་དོན་སྒྲུབ་པའི་འབོད་སྐུལ་དང་ལེན་ཞུ་ཆེད། ཕུའུ་ཧྥ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ། སྤྱི་ཁྱབ་དངུལ་ཁང་ནས་མ་དངུལ་བརྩོན་ལེན་ཧུར་ཐག་བྱེད་པ། ཐབས་ལམ་རྒྱ་ཆེར་གཏོང་བ། ཕྱོགས་མང་མཉམ་འགུལ་བཅས་ཀྱི་ཐོག་ནས་དབུལ་སྐྱོར་གྱི་དུས་འབྲིང་མ་དངུལ་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། མིག་སྔར་ཕུའུ་ཧྥ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་བོད་ཀྱི་ཁྲོམ་རའི་དབུལ་སྐྱོར་གྱི་དུས་འབྲིང་མ་དངུལ་གྱིས་བཟུང་ཚད100%ཟིན་པ་དེ་ཐོག་ནས་དངུལ་ཁང་དེས་བོད་ཀྱི་གནད་སྨིན་དབུལ་སྐྱོར་ལ་དངོས་དངོས་རྗེན་རྗེན་གྱི་སྟོབས་ཤུགས་སྐྱེས་སུ་ཕུལ་བ་མཚོན་གྱི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།