ལྷོ་ཁ་གྲོང་ཁྱེར་གྱི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱིས་མི14228ལྷག་དབུལ་སྒྲོལ་ཐུབ་པར་སྐུལ་ཁྲིད་བྱས།

W020191023603297781819.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོ་ནས་བཟུང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་གཏིང་ཟབ་སྒོས་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ཏེ། ཐོན་ལས་ཀྱི“གནད་སྨིན་དབུལ་སྐྱོར། གནད་སྨིན་དབུལ་སྒྲོལ”བཅས་ཀྱི་ཇུས་ཆེན་དམ་འཛིན་བྱས་ནས་མང་ཚོགས་དབུལ་པོ་མི16850ལྷག་ཐོན་ལས་དབུལ་སྒྲོལ་བྱ་བའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་ཐོན་ལས་དབུལ་སྐྱོར་གྱི་ལས་དོན་ཁག་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་བ་རེད། 

  རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱིས་ལས་འགོ་ཚུགས་པའི་ཐོན་ལས་རྣམ་གྲངས་བསྡོམས་པས213ལྷག་ཡོད་པའི་ལས་འགོ་ཚུགས་ཚད97%ཟིན་པ་དང་། ལས་གྲྭ141གིས་ལས་མཇུག་བསྒྲིལ་བ་དང་། ལས་མཇུག་སྒྲིལ་ཚད66%ཟིན་ཞིང་།  མ་རྩ་སྒོར་དུང་ཕྱུར31.6ལེགས་འགྲུབ་ཟིན་ནས་མི24023ལ་ཕན་འབྲས་ཐོབ་པ་དང་།  མི14228ལྷག་ལ་ཐོན་ལས་དབུལ་སྒྲོལ་མངོན་འགྱུར་བྱུང་བ་རེད། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་གྲངས་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་ལྷུན་རྩེ་རྫོང་གི“གཉའ་གཞུང”ཚད་ལྡན་ཅན་གྱི་བཞོན་མ་གསོ་ཚགས་དང་། གྲ་ནང་རྫོང་ཨ་བྲག་ཤང་གི་མུའུ་ཁྲི་ཡི་སྡོང་ཕྲུག་ར་བ། ལྷོ་ཁའི་སྔོ་ཚལ་སླེ་བོ་སོགས་“སྒོར་ཁྲི་བརྒྱ་སྟོང་”ཡི་བཟོ་སྐྲུན་ལས་གཞི12བསྐྲུན་པ་དང་ཆབས་ཅིག མང་ཚོགས་ལ་རྒྱུས་མངའ་ཡོད་པ་དང་། ཐག་ཉེ་བ། སྟབས་བདེ་བ། འཇོན་ཐང་ཆེ་བ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། དབུལ་སྐྱོར་གནས་སྤོའི་ས་ཚིགས་བཞི་ལ་མ་ལག་ཚང་བའི་ཐོན་ལས་རྣམ་གྲངས10བཙུགས་ཏེ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར3.1བཏང་ཡོད་པ་རེད། 

“ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་གི་རྒྱ་ཆེ་རུ་གཏོང་ཆེད། ང་ཚོས ‘དྲ་སྦྲེལ+’གྱི་ལས་རྣམ་གསར་པར་བརྟེན་ནས།  དུས་ལྟར་ཁྱད་ལྡན་ཐོན་རྫས་ཀྱི་ཆ་འཕྲིན་འཚོལ་བསྡུ་བྱས་པར་མ་ཟད། དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད་དེ་ཕྱིར་འཚོང་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ད་དུང་ཡུལ་གཞན་གྱི་ཐོན་ལས་དབུལ་སྐྱོར་བྱེད་སྟངས་ལ་སྐུལ་འདེད་བཏང་ནས། ཧུར་ཐག་སྒོས ‘ཡུལ་གཞན་གྱི་ཐོན་ལས་དབུལ་སྐྱོར’བྱེད་སྟངས་འཚོལ་ཞིབ་བྱས་ཏེ་ཞིང་འབྲོག་མཉམ་འབྲེལ་དང་། མཐའ་མཚམས་ཀྱི་རྫོང་དང་ལྟེ་བའི་རྫོང་ལ་མཉམ་འབྲེལ་བྱེད་པ། རྫོང་དང་རྫོང་དབར་སྟོབས་དང་ལྡན་པའི་མཉམ་འབྲེལ་བྱས་ཏེ། ལེགས་ཆ་གསབ་རེས་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བཞིན་ཡོད ”ཞེས་ལྷོ་ཁ་གྲོང་ཁྱེར་གྱི་དབུལ་སྐྱོར་ཐོན་རྫས་འོས་སྦྱོར་བྱེད་པའི་ངོ་སྤྲོད་ཚོགས་འདུའི་ལས་དོན་མི་སྣས་དེ་ལྟར་བཤད། 

དབུལ་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་ནས། ལྷོ་ཁ་གྲོང་ཁྱེར་གྱིས“ལམ་སྲོལ་བཞི”འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཐོན་ལས་དབུལ་སྒྲོལ་ཚོགས་ཆུང་བཙུགས་པ་དང་འབྲེལ་ཐོན་ལས་ལས་དོན་གྱི་ཆེད་དོན་འཛིན་གྲྭའི་མི་སྣའི་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ། ཐོན་ལས་རྣམ་གྲངས་དང་། མ་དངུལ། དངུལ་བུན་གཏོང་ཚད་རེའུ་མིག་སོགས་ཀྱི་ལམ་ལུགས་བཙུགས་ནས། དུས་ཆད་ལྟར་ཐོན་ལས་དབུལ་སྒྲོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། དུས་མཚུངས་སུ་དབུལ་སྐྱོར་དང་ཞིང་འབྲོག་སོགས་སྡེ་ཁག་གི་མ་དངུལ་བསྡུ་སྒྲིལ་བྱས་ནས། ཐོན་ལས་འཕེལ་རྒྱས་ཕྱོགས་སུ་བེད་སྤྱད་དེ་ཐོན་ལས་ཀྱི་མ་དངུལ་སྒོར་དུང་ཕྱུར་1.8དོན་འཁྱོལ་བྱས་འདུག  བོད་སྐྱོར་དབུལ་སྐྱོར་ཐད་ནས། ལྷོ་ཁ་གྲོང་ཁྱེར་གྱིས“གྲོང་ཁྱེར་གྱིས་རྫོང་དང་། རྫོང་དང་ཆུས་ཀྱིས་ཤང་གྲོང་དང་། ཤང་དང་སྡེ་ཁུལ་གྱིས་གྲོང་སྡེར་རོགས་སྐྱོར་བྱེད་པ”ཡི་བོད་སྐྱོར་དབུལ་སྐྱོར་བྱེད་པའི་རོགས་རེས་ལམ་སྲོལ་བཙུགས་ཏེ། “འཇོན་ཐང་ཅན་བརྒྱ་ཡིས་བཟོ་སྐྲུན་ལ་སྣེ་ཁྲིད་བྱེད་པ”ཡི་གསར་གཏོད་ལག་བསྟར་བྱས་ནས་ཐོན་ལས་ཀྱིས་དབུལ་སྐྱོར་ཕྱུག་འགྱུར་བྱེད་པའི་འཇོན་ཐང་ཅན་ཁག་གཅིག་བསྡུས་ནས་དུད་ཚང་དབུལ་པོར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།