བོད་ལྗོངས་སུ་དཀར་བོའི་སྦག་བཙོག་འགོག་པའི་ཚོགས་པ་བཙུགས་པ།

(环境)(1)西藏成立禁止白色污染协会

ཟླ་10བའི་ཚེས་20ཉིན་བོད་རང་སྐྱོང་ལྗོངས་སུ་དཀར་པོའི་སྦག་བཙོག་འགོག་པའི་ཚོགས་པ་བཙུགས། 

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན། བོད་རང་སྐྱོང་ལྗོངས་སུ་དཀར་པོའི་སྦག་བཙོག་འགོག་པའི་ཚོགས་པའི་དབུ་འབྱེད་མཛད་སྒོ་ལྷ་སའི་པེན་ཧུ་སྤྱི་གླིང་དུ་བསྡུས།   བོད་རང་སྐྱོང་ལྗོངས་ཀྱི་དཀར་པོའི་སྦག་བཙོག་འགོག་པའི་ཚོགས་པ་དེ་ད་ལོའི་ཟླ་4བར་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཆོག་མཆན་ཐོབ་པ་དང་། གཙོ་བོ་བོད་ལྗོངས་ཀྱི་དཀར་པོའི་སྦག་བཙོག་འགོག་པ་དང་ཁོར་ཡུག་སྲུང་སྐྱོང་གི་ཚོང་ལས་མིན་པའི་སྤྱི་ཕན་ཀྱི་ཚོགས་པ་ཞིག་ཡིན་པ་རེད། ད་ལྟ་ཁོར་ཡུག་སྲུང་སྐྱོབ་ཀྱི་མི་100ལྷག་ཞུགས་ཡོད་པ་རེད། 

(环境)(2)西藏成立禁止白色污染协会

(环境)(3)西藏成立禁止白色污染协会

(环境)(4)西藏成立禁止白色污染协会

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།