ཉིང་ཁྲི་གྲོང་ཁྱེར་གྱིས“ཞིང་པ་དང་སྒོ་རྩིས་ཚོང་ཁང་གི་སྦྲེལ་མཐུད”ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མཁོ་འཚོང་མཉམ་ལས་ཁང་གིས་ས་གནས་དེ་གའི་ཁེ་ལས་དང་མཉམ་ལས་ཁང་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། “ཞིང་པ་དང་སྒོ་རྩིས་ཚོང་ཁང་གི་སྦྲེལ་མཐུད”ལས་དོན་སྤེལ་བ་དང་ཆབས་ཅིག“ཞིང་པ་དང་སྒོ་རྩིས་ཚོང་ཁང་གི་སྦྲེལ་མཐུད”མཐུན་སྦྱོར་ལས་དོན་ཚོགས་འདུ་བསྟུད་མར་ཐེངས་གཉིས་འཚོགས་ཏེ། ཅཱ་རུའེ་དང་པའེ་དབྱི། ཡུས་ཙང་ཡོན་ཡུལ་ཟོག་ཐོན་རྫས། ཁྲི་གདུག་ཉི་མ་སོགས་ཀྱི་ཀུང་སིའམ་ཡང་ན་ཚོང་ཁང་དུ་ཕྱིར་འཚོང་ཁུལ་དང་། ཆེད་འཚོང་ཁང་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཚོང་དོན་མཁོ་འཚོང་གི་འགན་ནུས་སྔར་བས་འདོན་སྤེལ་བྱས་པ་རེད།

དེའི་དམིགས་ཡུལ་ནི་ཡུལ་ཟོག་ཐོན་རྫས་སྔོན་ལ་ཚོད་ལྟ་དང་བེད་སྤྱོད་བྱེད་པའི་ཆེད་དོན་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ནས། ལྗོངས་ནང་ཁུལ་གྱི་ཁྲོམ་རར་གཞི་ཚུགས་པ་དང་ཐབས་ལམ་ལ་དམིགས་ཏེ་གསར་གཏོད་བྱས་ནས་ཡུལ་ཟོག་ཐོན་རྫས་ཕྱིར་ཚོང་བྱེད་ཁོངས་རིམ་བཞིན་ལྗོངས་ནང་ཁུལ་ནས་ལྗོངས་ཕྱིའི་བར་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་ཟོག་ཐོན་རྫས་ཀྱིས་ཁྲོམ་ར་བཟུང་ཚད་དང་མིང་གྲགས་ཆེ་རུ་གཏོང་ཆེད་ཡིན་པ་རེད།

གཞན་ཡང་། ཉིང་ཁྲི་གྲོང་ཁྱེར་མཁོ་འཚོང་མཉམ་ལས་ཁང་གིས་ཁེ་ལས་ཀྱི་ཐོན་རྫས་གསེད་བཀྲོལ་ཧུར་ཐག་བྱས་ཏེ། “སྤུས་རྟགས་གཅིག་དང་ཚོང་རྟགས་གཅིག”གི་བླང་བྱ་དང་འཚམ་པའི་ཁེ་ལས13དང་། ཐོན་རྫས་སྣ་ཁ100ལྷག་ཙམ་སྒོ་རྩིས་ཚོང་ཁང་གི་ཆེད་འཛུགས་ཁུལ་དང་ཆེད་འཚོང་ཁང་དུ་འཚོང་གི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།