བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བསྲུངས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་ལོ་གཅིག་འཁོར་བའི་སྐོར་བཀོད་པ། (གསུམ)    

2018ལོའི་ཟླ10པར་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སློབ་གྲྭ་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་དང་། ལས་བཟོ། སློབ་མ་ཚོར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད། ལོ་གཅིག་རིང་། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གཞི་འཛིན་སར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་ཆེན་འཕེལ་རྒྱས་གཏོང་བའི་ལམ་བུ་མཐའ་འཁྱོངས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཚན་ཞིབ་སྐྱེད་སྲིང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིཌ་བསལ་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།

2019ལོའི་ཕྱི་སྐད་སློབ་གླིང་རྒྱ་གར་སྐད་ཀྱི་ཆེད་ལས་སྦྱོང་བཞིན་པའི་མཚོ་མོ་སྔར་ནས་རྒྱ་གར་གྱི་གློག་བརྙན་ལྟ་རྒྱུར་ཧ་ཅང་དགའ་པོ་ཡོད་པས། སློབ་གྲྭའི་འདོད་མོས་རེའུ་མིག་རྒྱོང་སྐབས་ཁོང་གིས་འཕྲལ་ཐག་ཆོད་པོས་རྒྱ་གར་སྐད་ཀྱི་ཆེད་ལས་བདམས་པ་རེད།

རྒྱ་གར་སྐད་དང་ནེ་པ་ལའི་སྐད་ཀྱི་ཆེད་ལས་བཀོད་སྒྲིག་བྱས་པ་ནི་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”དང“ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་ཆེ་མོ”བསྐྲུན་རྒྱུར་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ཞིང་། དེ་དང་འདྲ་བར། དྲ་རྒྱའི་བར་མཐོངས་ཀྱི་བདེ་འཇགས་དང་། བདེ་ཐང་སླར་གསོའི་སྨན་བཅོས་རིག་པ། རྩིས་རིག་དང་བཀོལ་སྤྱོད་རྩིས་རིག་བཅས་ཆེད་ལས་གསར་པ་གསུམ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རིགས་ཚན་ཆེད་ལས་ལ་བཀོད་སྒྲིག་བྱས་པ་དང་། དུས་མཚུངས་སློབ་གྲྭས་ད་དུང་ཟོག་འབྲེལ་དྲ་བའི་བཟོ་སྐྲུན་དང་། གྲངས་གཞིའི་ཚན་རིག་དང་གྲངས་གཞི་ཆེ་མོའི་ལག་རྩལ། རྩིས་བཤེར་རིག་པ། སྒྱུ་རྩལ་སློབ་གསོ་བཅས་ཆེད་ལས་བཞི་གསར་དུ་རེ་ཞུ་བྱས་ཡོད། དེ་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་སྟོན་ཕྱོགས་དང་ལེན་ཧུར་ཐག་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐའ་སྐྱོང་བོད་བརྟན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་སློབ་ཚན་གྱི་ཆེད་ལས་གྲུབ་ཆ་ལེགས་སྒྲིག་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད།

བོད་ཀྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང“མཐའ་སྐྱོང་བོད་བརྟན”གྱི་འཐབ་ཇུས་ཁྲོད་གནས་བབ་གལ་ཆེན་བཟུང་བ་དང་འགན་འཁྲི་གལ་ཆེན་ཁུར་ཡོད་པར་དམིགས་ནས། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་2011ལོའི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་མཉམ་སྡེབ་གསར་གཏོད་ལྟེ་གནས་བཏོད་པ་དང་དུས་མཚུངས་ཨེ་ཤེ་ཡ་ལྷོ་མའི་ཞིབ་འཇུག་སུའོ་དང་། བོད་ལྗོངས་ཡུལ་སྐོར་ཞིབ་འཇུག་སུའོ། གྲོང་གསེབ་དར་སྤེལ་འཐབ་ཇུས་ཞིབ་འཇུག་སུའོ།བོད་རིག་པ་ཞིབ་འཇུག་སུའོ་སོགས་ཚན་ཞིབ་ཁང་བཙུགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་སྲིད་ཇུས་ཀྱི་བློ་འདྲི་མཁོ་འདོན་བྱས་ཡོད།

“འབྲེལ་བ་ཆ་བཅུ་གསུམ”དང“འདུ་འགོད་ཆེན་པོ་བཅུ”སོགས་རྣམ་གྲངས་གལ་ཆེན་བཅུའི་ཞིབ་འཇུག་ལ་ཞུགས་པ་ཕུད། སློབ་གྲྭ་དེས་ད་དུང“བོད་ཀྱི་བཙོག་ཆུ་ཚོད་འཛིན་དང་སྣོད་བཅུད་སླར་གསོའི་འདུ་འགོད་ཚོད་ལྟ་ཁང”“བོད་ཀྱི་དྲ་རྒྱའི་བར་མཐོངས་བདེ་འཇགས་ཞིབ་འཇུག་ལྟེ་གནས”“བོད་ལྗོངས་ས་མཐོའི་འབྲེལ་ཡོད་ནད་རིགས་ཀྱི་འདུས་རྡུལ་གྲུབ་ཆ་དང་འགོག་ཟོན་གཙོ་གནད་ཞིབ་འཇུག་ཚོད་ལྟ་ཁང”སོགས་བཙུགས་ནས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།

ཚེས་9ཉིན་གྱི་ཕྱི་དྲོ། བོད་ཀྱི་བཙོག་ཆུ་ཚོད་འཛིན་དང་སྣོད་བཅུད་སླར་གསོའི་འདུ་འགོད་ཚོད་ལྟ་ཁང་དུ་ཆ་འཕྲིན་བཟོ་སྐྲུན་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་གཡུ་འབྲུག་སྒྲོལ་མས་ཞིབ་འཇུག་སློབ་མའི་ལོ་རིམ་གཉིས་པའི་སློབ་མ་ཁྲེན་ཡུན་ལན་དང་མཉམ་དུ་བསྟུད་མར་ཆུ་ཚོད་གཉིས་རིང་ཆུའི་སྦགས་བཙོག་མེད་པ་བཟོ་སྟངས་སློབ་སྦྱོང་བྱས་ཡོད།

བོད་ཀྱི་བཙོག་ཆུ་ཚོད་འཛིན་དང་སྣོད་བཅུད་སླར་གསོའི་འདུ་འགོད་ཚོད་ལྟ་ཁང་གིས་བཙོག་ཆུ་ཚོད་འཛིན་དང་སྣོད་བཅུད་སླར་གསོའི་ཁོར་ཡུག་བདེ་འཇགས་ཞིབ་འཇུག་བྱེད་རྒྱུ་དེ་སྤྱིའི་དམིགས་ཚད་དུ་བྱེད་པ་དང་། “སྦགས་བཙོག་ཚོད་འཛིན་དང་སྣོད་བཅུད་སླར་གསོ། ཐོན་ཁུངས་ཅན་བེད་སྤྱོད”བཅས་ལྟེ་བར་བྱེད་ཀྱི་ཡོད། མིག་སྔར་ཆུའི་སྤུས་ཚད་སྐྱེ་དངོས་ཕྲ་རབ་ཚད་ལེན་ཚོད་ལྟ་ཐུབ་ཀྱི་ཡོད། རླུང་གནོན་དམའ་བ་དང་། གསོ་རླུང་དཀོན་པ། དྲོད་ཚད་དམའ་བ་བཅས་ཀྱི་ཆུའི་སྦགས་བཙོག་མི་འདྲ་བ་དང་འབྱུང་རྩའི་སྦགས་བཙོག་གི་ཁྱད་ཆོས་དབྱེ་ཞིབ་དང་། སྦགས་བཙོག་དངོས་པོ་མེད་པ་བཟོ་སྟངས་དང་དེ་བཞིན་ཐོན་ཁུངས་ཚུར་བསྡུའི་གཞི་རྩའི་བརྒྱུད་རིམ་དང་འགག་རྩའི་ལག་རྩལ་ཞིབ་འཇུག་བྱེད་ཀྱི་ཡོད།

“ད་ཆ་ངའི་ཕ་ཡུལ་ཡུལ་སྨད་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་འགྲོ་བཞིན་ཡོད་པས་ལམ་བཟོས་ཚར་རྗེས་མི་དེ་བས་མང་བ་གནས་དེར་ཡོང་རྒྱུའི་ཡིད་ཆེས་ཡོད། མི་མང་དུ་ཕྱིན་ན་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ངེས་རེད། ངས་བཙོག་ཆུ་གཙང་སེལ་གྱི་ཤེས་བྱ་སྦྱངས་པས་སྟབས་བདེའི་སྒྲིག་ཆས་སྤྱད་དེ་ཡུལ་མི་ཚོས་དྭངས་ཤིང་གཙང་བའི་འཐུང་ཆུ་སྤྱོད་རྒྱུའི་རེ་བ་བྱེད་ཀྱི་ཡོད”གཡུ་འབྲུག་སྒྲོལ་མས་ཁོམ་པ་བྱུང་མ་ཐག་ཚོད་ལྟ་ཁང་དུ་འགྲོ་ཡི་ཡོད། ཕ་ཡུལ་ལ་དགའ་ཞེན་བྱེད་པ་དེ་ཁོང་གི་སློབ་སྦྱོང་ལ་འབད་བརྩོན་བྱེད་པའི་སྒུལ་ཤུགས་སུ་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།