ཧྲང་ཧའེ་དང་གཞིས་རྩེའི་ཞིང་ལས་ཐོན་རྫས་ཐོན་ཚོང་མནའ་འབྲེལ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། བོད་ནས་ཐོན་ལས་མཐུན་ཚོགས་ཀྱི་སྐབས་དང་པོའི་ཚོགས་གཙོའི་ཚན་པ་སྟེ་བོད་ལྗོངས་ཆེས་བྲིན་ནས་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སིས། ཧྲང་ཧའེ་བཟའ་བཅའ་མུ་འབྲེལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་པོ་དང་ཧྲང་ཧའེ་ཚོང་ལས་ཆ་འཕྲིན་ལྟེ་གནས་དང་མཉམ་དུ་ཧྲང་ཧའེ་བཟའ་བཅའ་མུ་འབྲེལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་པོར་ཆེས་བྲིན་ནས་ཀྱི་ཐོན་ཕུད་འགྲེམས་སྤེལ་མཛད་སྒོ་འཚོགས་པ་དང་འབྲེལ། ཧྲང་ཧའེ་དང་གཞིས་རྩེའི་ཞིང་ལས་ཐོན་རྫས་ཐོན་ཚོང་མནའ་འབྲེལ་ཡང་བཙུགས་ནས། བོད་ལྗོངས་ཀྱི་ནས་ཐོན་རྫས་ཕྱོགས་ཡོངས་ནས་ཧྲང་ཧའེ་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་བཏང་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ཆེས་བྲིན་ནས་ཀྱིས་ཧྲང་ཧའེ་ཡུས་ཧྥོ་དགོན་དཀར་ཟས་དང་། ཞིང་བཟོ་ཚོང་། ཏིང་ཏུང་ཚལ་ཚོང་། ཧུའེ་ཤོན་སྒོ་རྩིས་ཚོང་ཁང་བཅས་དང་མཉམ་ལས་འདོད་མོས་ཡི་གེ་བཞག་པ་རེད། ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པ་ཕུད། ཆེས་བྲིན་གྱིས་ད་དུང་ཧྲང་ཧའེ་བཟའ་བཅའ་མུ་འབྲེལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་པོ་དང་། ཧྲང་ཧའེ་ཅིན་ཅང་རྒྱལ་སྤྱིའི་བཟའ་བཅའ་དོ་དམ་ཚད་ཡོད་ཀུང་སི། ཧྲང་ཧའེ་གྲོང་ཁྱེར་སྒོ་རྩིས་ཚོང་ཁང་ཚད་ཡོད་ཀུང་སི་སོགས་དང་ཡང་མཉམ་ལས་གན་རྒྱ་བཞག་པས། མཐོ་སྣེ་དེ་དག་ནས་འཛད་སྤྱོད་པ་ཚོས་བོད་ཀྱི་འཚོ་བཅུད་ལྡན་པའི་འབྲུ་རིགས་གཙོ་བོ་ལོངས་སྤྱོད་ཐུབ་ཀྱི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།