ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་སྒོར་དུང་ཕྱུར8.6གི་རྣམ་གྲངས་གསར་པ་ཞིག་རག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཚོང་འགུག་མ་འདྲེན་གྱི་བཟོ་ལས་རྣམ་གྲངས་ཀྱི་གཅིག་སྡུད་གན་འཇོག་དང་གཙོ་གནད་རྣམ་གྲངས་ཀྱི་གཅིག་སྡུད་ཨར་སྐྲུན་བྱེད་སྒོ་གཉེར་ཞིང་། གན་འཇོག་རྣམ་གྲངས་ཐད་བསྡོམས་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར8.6ཟིན་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་གཅིག་སྡུད་གན་འཇོག་ཐད་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་དུས་བརྡ་གཏོང་བའི་ལྟེ་གནས་ཀྱི་ཞིབ་ཆའི་རྩིག་རྨང་དུས་བརྡ་མ་ལག་གི་ལྷ་ས་དུས་བརྡ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་རྣམ་གྲངས་དང་། ཁྲེང་ཧྥ་ལེན་ཧྭ་ཀྲི་པའོ། ཧྥུ་ཧྲི་ཁང་ཞིའུ་ཞི་བརྡ་ཁྱབ་སྨྱན་སྦྱོར། རོང་ཧྲུན་སྐྱེ་དངོས་ཚན་རྩལ། ཨོ་ཁེ་ནུས་རྒྱུ་གསར་པ། བྲོ་ཞིམ་ཚྭ་སྦྱངས་ཚོང་དོན་སོགས་ཡོད་ཅིང་། སྐོར་སྐྱོད་དཔལ་འབྱོར་དང་། ས་གཙང་བདེ་ཐང་། རིག་གནས་ཡུལ་སྐོར། རྒྱུ་ཆ་གསར་པ་སོགས་ཁྱབ་ཁོངས་མང་པོར་འབྲེལ་བ་ཡོད་ཅིང་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར8.6ཟིན་གྱི་ཡོད། བསྐྲུན་ཟིན་ནས་གཉེར་སྐྱོང་བྱས་རྗེས་མི1000ཙམ་ལས་ཞུགས་སྐུལ་ཁྲིད་ཐུབ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།