ཉིང་ཁྲི་གྲོང་ཁྱེར་སྤུས་ཚད་མཐུན་ཚོགས་ཀྱིས་སློབ་མ་དབུལ་པོར་གློག་ཀླད་ཀྱི་ཞལ་འདེབས་ཕུལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་སྔོན་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤུས་ཚད་མཐུན་ཚོགས་ཀྱིས་འགན་འཁུར་བའི“ཉིང་ཁྲི་གྲོང་ཁྱེར་དབུལ་པོའི་ས་ཁུལ་དང་རྫོང་། ཤང་། གྲོང་ཚོ་བཅས་ལ་གློག་ཀླད་ཀྱི་རོགས་རམ་བྱས་ཏེ་ཁྱིམ་ཚང་སློབ་གསོ་དང་མང་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དཔེ་སྟོན་རྣམ་གྲངས་གློག་ཀླད་སྟེར་བའི་མཛད་སྒོ་དང་གསོ་སྦྱོང་ཚོགས་འདུ་ཉིང་ཁྲིའི་ཀོང་ཏུང་ཚོད་ལྟའི་སློབ་གྲྭར་འཚོགས་པ་རེད། 

ཞལ་འདེབས་ཀྱི་མཛད་སྒོའི་སྟེང་ཉིང་ཁྲི་གྲོང་ཁྱེར་སྤུས་ཚད་མཐུན་ཚོགས་ཀྱིས་གློག་ཀླད་དང་སློབ་ཁྲིད་བརྙན་རིས32དང་། དེ་བཞིན་བོད་ལྗོངས་ཉིང་ཁྲིའི་ཧེང་ཐའེ་བཟོ་ཚོང་ཚད་ཡོད་ཀུང་སིས་བྱིན་པའི་ལག་འཁྱེར་ཡིག་སྡེར་བཅས་མཉམ་གཅིག་ཏུ་གོ་རིམ་ལྟར་གཏན་འཁེལ་བྱས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་མ32ལ་སྤྲད་པ་དང་འབྲེལ། ཁོང་ཚོར་གློག་ཀླད་དང་སློབ་ཁྲིད་ཀྱི་བརྙན་རིས་སྤྱོད་སྟངས་གསོ་སྦྱོང་སྟབས་བདེ་བྱས་པ་རེད། མཐུན་ཚོགས་ཀྱིས་ད་དུང་ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་པོའི་ས་ཁུལ་དང་ཤང་གྲོང་ལ་གློག་ཀླད་བྱིན་ཏེ་ཁྱིམ་ཚང་སློབ་གསོར་རོགས་རམ་བྱེད་པ་དང་མང་ཚོགས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་དཔེ་སྟོན་རྣམ་གྲངས་རེ་ཞུ་དང་གནད་འཁེལ་དབུལ་སྐྱོར་བྱ་བ་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད་པ་རེད།

གློག་ཀླད་ཐོབ་པའི་སློབ་མའི་འཐུས་ཚབ་པ་ཟླ་བ་སྒྲོལ་མར་བཀའ་དྲིན་གྱི་ཚོར་བ་རབ་ཏུ་སྐྱེས་ཏེ། ངས་ངེས་པར་དུ་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱས་ནས། མ་འོངས་པར་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།