​བོད་འབྲེལ་གློག་བརྙན《ང་ཡི་ཧི་མ་ལ་ཡ》ཞེས་པ་ཐོག་མར་གཟིགས་འབུལ་བྱས་པ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་འབྲེལ་གློག་བརྙན《ང་ཡི་ཧི་མ་ལ་ཡ》ཞེས་པ་ཟླ10པའི་ཚེས6ཉིནCCTV6གློག་བརྙན་འཕྲིན་ལམ་ནས་ཐེངས་དང་པོར་གཟིགས་འབུལ་བྱས་པ་མ་ཟད། ཨའེ་ཆི་དབྱི་དང1905གློག་བརྙན་དྲ་བ་གཉིས་ནས་དུས་མཉམ་དུ་བཏང་བ་རེད། གློག་བརྙན་ནང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་དམངས་སངས་རྒྱས་ཆོས་དཔལ་དང་བུ་མོ་སྒྲོལ་དཀར། དབྱངས་འཛོམས་བཅས་ཀྱིས་དཀའ་སྡུག་གི་ལོ་ངོ་བཅུ་ཕྲག་འགའ་ཡི་རིང་ཡུལ་སྨད་ཤང་ནས་མཐའ་སྲུང་རྒྱལ་སྲུང་བྱས་པའི་གཏམ་རྒྱུད་དངོས་དེ་བསྐྱར་མཚོན་བྱས་ཡོད་པ་རེད། 

ཡུལ་སྨད་ཤང་ནི་ཧི་མ་ལ་ཡ་རི་རྒྱུད་ཀྱི་ལྷོ་རྒྱུད་དུ་གནས་ཡོད། 1990ལོའི་སྔོན་ལ་སངས་རྒྱས་ཆོས་དཔལ་བཟའ་མི་གསུམ་ནི་ཡུལ་སྨད་དུ་འཚོ་སྡོད་བྱེད་པའི་སྡོད་དམངས་གཅིག་པུ་ཡིན་ལ་ཕ་བུ་གསུམ་གྱིས་ལོ་ངོ་མང་པོའི་རིང་རང་ས་བརྟན་སྲུང་བྱས་པ་རེད། 2018ལོའི་ཟླ3པར་སྒྲོལ་དཀར་དང་དབྱངས་འཛོམས་གཅེན་གཅུང་གཉིས་ལ2017ལོའི་ཀྲུང་གོའི་ཆེས་སེམས་འགུལ་ཐེབས་པའི་མི་སྣ་ཞེས་པར་བདམས་པ་དང་། ཟླ10པར་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས"དུས་རབས་ཀྱི་མིག་དཔེ"ཞེས་པའི་མཚན་སྙན་གནང་། 

《ང་ཡི་ཧི་མ་ལ་ཡ》ནི་ཀྲུང་དབྱང་དྲིལ་སྒྲོག་པུའུ་གློག་བརྙན་འཕྲིན་ལམ་གྱི་ལེ་ཚན་རྩོམ་སྒྲིག་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པ་དང་། བོད་ཀྱི་འཁྲབ་སྟོན་པ་རིན་ཆེན་དོན་འགྲུབ་ཀྱིས་གཙོ་འཁྲབ་བྱས་ཤིང་ཝུའུ་མིན་ཀྲང་གིས་འཁྲབ་གཞུང་རྩོམ་སྒྲིག་བྱས་པ་རེད།

2.jpg

འཁྲབ་ཁྲིད་པ་ཀྲང་ཞིན་གྱིས་ངོ་སྤྲོད་བྱེད་དོན། 《ང་ཡི་ཧི་མ་ལ་ཡ》ནང་བོད་སྐད་རྐྱང་རྐྱང་གིས་འཁྲབ་སྟོན་བྱས་ཤིང་དོན་དངོས་ཀྱི་བྱུང་རིམ་ལྟར་མངོན་མཚོན་བྱས་ཡོད་པས་ཡིད་འགུལ་གྱི་ནུས་པ་དང་སྒྱུ་རྩལ་རོལ་མྱོང་གི་ནུས་པ་ཆེན་པོ་ལྡན་ཟེར། ། (མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་སྒྱུར་བྱས།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།