བོད་ལྗོངས་ཀྱིས་མེས་རྒྱལ་གྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་9ཚེས་29ཉིན་གྱི་སྔ་དྲོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བོད་ཀྱི་ས་གནས་ཁག་གི་མང་ཚོགས་ཀྱི་འཐུས་མི་མཉམ་དུ་འཛོམས་ནས་མི་སྟོང་གི་སྐོར་བྲོ་འཁྲབ་པའི་རྣམ་པའི་ཐོག་ནས་བོད་ཀྱི་མི་དམངས་ཚོས་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་དང་སྨོན་འདུན་བཟང་པོ་མཚོན་པར་བྱས་པ་རེད།


ལོ་ན་67ལ་སླེབས་པའི་ཆོས་སྒྲོན་དང་ཁོང་གི་གྲོགས་པོ་ཚོ་ཆེད་མངགས་མངའ་རིས་ནས་ཐེངས་འདིའི་བྱེད་སྒོར་ཞུགས་པར་ཡོང་བ་དང་། ཁོང་གིས། མ་ཡུམ་མེས་རྒྱལ་གྱི་དགུང་ལོ་70ཕེབས་པའི་འཁྲུངས་སྐར་འདི་ནི་ང་ཚོའི་དུས་ཆེན་ཡག་ཤོས་ཤིག་རེད། ད་ཆ་འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ང་ཚོ་རྒན་རྒོན་ཚོ་བདེ་སྐྱིད་ཆེ་ཤོས་ཀྱི་དུས་སུ་སླེབས་ཡོད་པས། གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གུང་ཁྲན་ཏང་མེད་ན་བདེ་སྐྱིད་དེ་འདྲ་ཡོང་མི་སྲིད། མ་ཡུམ་མེས་རྒྱལ་གྱི་འཁྲུངས་སྐར་ལ་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།


ཐང་ཆེན་དུ་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིས་སེམས་དབུས་ཀྱི་སྨོན་འདུན་དང་དགའ་སྤྲོ་གླུ་དབྱངས་ཀྱི་འགྱུར་ཁུག་དང་ཞབས་བྲོའི་སྟང་སྟབས་དང་འགྲོགས་ནས་མེས་རྒྱལ་ལ་བསྟོད་གླུ་འབུལ་ཞེས་པ་དང་། གངས་རི་དང་པེ་ཅིང་མཉམ་ཏུ་སྦྲེལ་ཞེས་པ་སོགས་བལྟ་འདོད་ལ་ཉན་སྤྲོ་བའི་གླུ་གར་གྱིས་ཐང་ཆེན་འདི་ཉིད་གླུ་གར་གྱི་རྒྱ་མཚོ་ཞིག་དང་འདྲ་བར་མི་རྣམས་སྤྲོ་བ་རབ་ཏུ་འཕེལ་བར་བྱས།


ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མ་འཇིགས་མེད་ཀྱིས། དེ་རིང་ང་འདི་གར་ཡོང་བས་ཧ་ཅང་དགའ་པོ་འདུག བྱེད་སྒོ་དེ་རིགས་ལ་བརྟེན་ནས་མ་ཡུམ་མེས་རྒྱལ་གྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན།  ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པ་དང་། སློབ་སྦྱོང་གི་ཁོར་ཡུག་ལེགས་པས། སླད་ཕྱིན་ངས་སློབ་སྦྱོང་ཡག་པོ་བྱས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད།   


དེ་ཉིན་བོད་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཡིས་གསུང་བཤད་གནང་ཞིང་། ཁོང་གིས། བོད་འདི་ཉིད་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་བྱམས་སྐྱོང་ཐོབ་ཡོད། བོད་ཀྱི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་1951ལོའི་སྒོར་དུང་ཕྱུར་1དང་བྱེ་བ་2ས་ཡ་9ནས་2018ལོའི་སྒོར་དུང་ཕྱུར་1477དང་བྱེ་བ་6བར་འཕར་ནས་མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། དབུལ་སྒྲོལ་འགག་སྒྲོལ་ཐད་ཐག་གཅོད་རང་བཞིན་གྱི་ཕན་འབྲས་ཐོན་པ། བོད་ཀྱི་ལོ་ངོ་སྟོང་རིང་གི་དབུལ་པོ་རྣམས་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ཐུབ་རྒྱུ་རེད་ཅེས་གསུངས་པ་རེད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།