མེས་རྒྱལ་ལ་བསྟོད་གླུ་འབུལ།

11.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད། རིག་རྩལ་འཁྲབ་སྟོན་ཡོངས་ལ་ཤང་དེའི་གྲོང་ཚོ་གསུམ་གྱི་འབྲོག་པ་དང་། སློབ་གྲྭའི་སློབ་མ། འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ། མངགས་གཏོང་ཁང་གི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་བཅས་ཀྱིས་རང་རྩོམ་རང་འཁྲབ་བྱས་པའི་མཉམ་གཞས་དང་། ཞབས་བྲོ། རྐྱང་གཞས་སོགས་ལེ་ཚན་21ཡོད་པ་དང་། ཁོང་ཚོས་སྤྲོ་སེམས་ཆེན་པོས་ལྟད་མོ་བ་ཚོར་རིག་རྩལ་གྱི་སྟོན་མོ་ཞིག་བཤམས་ཤིང་། འདི་ནི་རིག་རྩལ་འཁྲབ་སྟོན་ནང་ཞུགས་པའི་སློབ་ཆུང་སློབ་མ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།