སྟོད་ལུང་བདེ་ཆེན་ཆུས་གནམ་བར་གྲོང་ཚོར་ལོ་ལེགས་བྱུང་བའི་སྤྲོ་སྣང་།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དེ་རིང་ནི་སྟོན་མཉམ་ཡིན་ལ། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཡང་ཡིན། དུས་ཆེན་འདི་ནི་ང་ཚོ་ཞིང་པ་རང་ཉིད་ཀྱི་དུས་ཆེན་ཡིན་ལ། ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བ་དང་ལོ་ལེགས་ཀྱི་འབྲས་བུ་ལོངས་སྤྱོད་བྱེད་པའི་དུས་ཆེན་ཞིག་ཀྱང་རེད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་གནམ་བར་གྲོང་ཚོའི་གྲོང་མིས་དུས་རབས་ཀྱི་རྣམ་པ་གསར་པ་དང་། ཞིང་ལས་ཀྱི་རྣམ་པ་གསར་པ། གྲོང་གསེབ་ཀྱི་རྣམ་པ་གསར་པ། ཞིང་པའི་འཚོ་བ་གསར་པ་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་གཡུར་ཟའི་གྲུབ་འབྲས་ཐོག་ནས་ལོ་ལེགས་དུས་ཆེན་བསུས་པ་དང་། ལོ་ལེགས་ཀྱི་སྤྲོ་སྣང་ལོངས་སུ་སྤྱོད་པ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བཅས་བྱས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་ལེགས་སྐྱེས་ཕུལ་ཡོད། ཞིང་པ་ཚོའི་འཛུམ་གྱིས་ཁེངས་པའི་ཞལ་རས་རེ་རེ་ནི་ཞིང་ནང་གི་ལོ་ཏོག་དང་འདྲ་བར་རབ་ཏུ་སྨིན། རེ་བས་ཁེངས་པའི་དུས་ཚིགས་འདིར་སྤྲོ་སྣང་ལྡན་པའི་ཉིན་མོ་འདི་ནི་ཧ་ཅང་མིག་ལ་མཛེས་པ་ཞིག་རེད།

2.jpg

3.jpg

4.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།