ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུས་ཏེ་རྒྱལ་སྟོན་བསུ།

9%F$`A~}MTJR_B$P~RJDK90.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས23ཉིན་གྱི་སྔ་དྲོར། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་གཉིས་པའི་བོད་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་ཆུ་ཤུར་རྫོང་གི་ཕུལ་བྱུང་གི་ཆེད་ལས་གསར་པ་བཅུའི་ཞིང་འབྲོག་པའི་འཐུས་མི་དང་སྔོ་ཚལ་འདེབས་འཛུགས་ཀྱི་ཕུལ་བྱུང་སྣེ་ཁྲིད་པར་གཟེངས་བསྟོད་བྱས་པ་དང་། ཆུ་ཤུར་རྫོང་གི་གྲོང་ཚོ་རེའི་རིག་རྩལ་རུ་ཁག་རེ་དང་། དམངས་ཁྲོད་སྒྱུ་རྩལ་བ། ཞིང་འབྲོག་མང་ཚོགས་སོགས་ཀྱིས་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་ཡང་བྱས་པ་རེད། ཞིང་འབྲོག་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་རྒྱལ་དར་གཡུག་གཡུག་བྱས་ནས་ལོ་ལེགས་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་མ་ཟད་དགའ་སྤྲོ་མཉམ་སྤྱོད་ཀྱང་བྱས་པ་རེད། འདི་ནི2019ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཡུལ་ཡིན་པ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།